ཉེ་ཆར་ལྷ་སར་བཅའ་སྡོད་ཆབ་མདོ་གྲོང་ཁྱེར་དོན་གཅོད་ཁང་གི་ལས་འཁྱུར་ལས་བྱེད་པ་དང་བཟོ་པས་རང་སྐྱོང་ལྗོངས་བྱིས་པའི་ཕན་བདེ་ཁང་གི་ཆབ་མདོའི་བྱིས་པ་222ལ་བཟའ་བཅའ་ཞལ་འདེབས་བརྒྱབ་པ་རེད། ཁྱོན་སྒོར་7400ལྷག་ཙམ་རི་བའི་བཟའ་བཅའ་དེ་དག་ཐོག་ནས་ཆབ་མདོའི་ལས་བྱེད་པ་རྒན་གྲས་171གི་གཅེས་སེམས་མཚོན་གྱི་ཡོད་ལ་ཕྲུ་གུ་ཚོ་སློབ་སྦྱོང་ཡག་པོ་དང་བདེ་ཐང་ངང་འཚར་ལོངས་ཡོང་བའི་རེ་བ་བྱེད་ལུགས་ཀྱང་མཚོན་གྱི་ཡོད་པ་རེད།
ལྷ་སར་བཅའ་སྡོད་ཆབ་མདོ་གྲོང་ཁྱེར་དོན་གཅོད་ཁང་གི་འདི་ལོ་ལོ་78ལ་སླེབས་པའི་ལས་འཁྱུར་ལས་བྱེད་པ་ཀྲེང་མའེ་ལས་འཁྱུར་ངལ་གསོ་བརྒྱབ་ནས་ལོ་16སོང་བ་དང་ལས་འཁྱུར་ངལ་གསོ་མ་བརྒྱབ་གོང་ཁོང་ནི་ཆབ་མདོ་གཞུང་ལམ་ཡན་ལག་ཅུས་ཆབ་མདོ་བདག་སྐྱོང་དུམ་བུའི་འགན་འཁུར་བ་གཞོན་པ་རེད། ཞལ་འདེབས་བྱེད་སྒོ་སྤེལ་རིང་ཁོང་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་གཞན་དག་ཚོས་འོ་མ་དང་། ཞོ། ཁ་ཟས་སོགས་བཟའ་བཅའ་ཕྲུ་གུ་ཚོར་སྤྲད་ཅིང་། ཁོང་གིས་ཕན་བདེ་ཁང་གི་ཕྲུ་གུ་ཚོ་ནི་སྤྱི་ཚོགས་ཐོག་གི་ཐུགས་ཁུར་བྱེད་འོས་ཤོས་ཀྱི་གཉོད་ཆུང་ཚོགས་སྤྱི་ཞིག་རེད། ཁོང་ཚོར་རོགས་རམ་དང་གཅེས་སྐྱོང་བྱ་རྒྱུ་དང་། ཁོང་ཚོར་སྤྱི་ཚོགས་ཁྱིམ་ཚང་ཆེན་པོའི་དྲོ་སྐྱིད་ཚོར་དུ་འཇུག་རྒྱུ། ཁོང་ཚོ་དགའ་སྐྱིད་དང་བདེ་ཐང་ངང་འཚར་ལོངས་ཡོང་ཐབས་བྱ་རྒྱུ་བཅས་ཀྱི་འོས་འགན་ང་ཚོར་ཡོད་ཅེས་བཤད་པ་རེད།