ཉེ་ཆར། རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དང་། རང་སྐྱོང་ལྗོངས་སྨན་རྩིས་ཁང་། རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གཉིས་པ་བཅས་གསུམ་གྱི་སྨན་པས་ལྷ་ས་གྲོང་ཨུད་ཏང་གི་སློབ་གྲྭར་སློབ་སྦྱོང་དང་གསོ་སྦྱོང་བྱེད་བཞིན་པའི་གྲོང་ཚོའི(གྲོང་ལྷན)ཏང་ཀྲི་པུའི་ཧྲུའུ་ཅི་300ཡི་གཟུགས་པོར་རིན་མེད་བརྟག་དཔྱད་བྱས་པ་རེད།
ད་རེས་ཀྱི་བྱེད་སྒོའི་སྐོར་གླེང་སྐབས། ལྷ་ས་གྲོང་ཁྱེར་གྱི་འབྲེལ་ཡོད་འགན་འཁུར་བས་གསར་འགོད་པར“གྲོང་ཚོའི(གྲོང་ལྷན)ཏང་ཀྲི་པུའི་ཧྲུའུ་ཅི་300ཡིས་རྒྱུན་དུ་གཞི་རིམ་གྱི་འཐབ་ཕྱོགས་དང་པོར་ལས་ཀ་བྱེད་པ་མ་ཟད། ཞིང་འབྲོག་ཁུལ་དང་ཐ་ན་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལེགས་སྐྱེས་ཆེན་པོ་ཕུལ་ཡོད། ལས་ཀའི་གནོན་ཤུགས་ཆེ་བ་དང་གཞི་རིམ་ལས་དོན་གྱི་ལས་འགན་ལྕི་བ་མ་ཟད། རང་ལྗོངས་ཀྱི་གྲོང་ཚོ་མང་ཆེ་བ་ས་བབ་མཐོ་བ་དང་། འགྲིམ་འགྲུལ་སྟབས་བདེ་མེད་པ། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ཆ་རྐྱེན་ཞན་པ་བཅས་ཡོད་པར་བརྟེན། མི་མང་ཆེ་བའི་གཟུགས་པོར་ནད་གཞི་མི་ཉུང་བ་ཞིག་ཕོག་ཡོད། དེར་བརྟེན། རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའུ་ཡིས་འཕྲལ་དུ་རང་སྐྱོང་ལྗོངས་འཕྲོད་བསྟེན་འཆར་ལྡན་བུ་བཙའ་ཨུ་ལྷན་དང་མཐུན་སྦྱོར་བྱས་ནས་ད་རེས་ཀྱི་བྱེད་སྒོ་གཉེར་བ་རེད”ཅེས་ངོ་སྤྲོད་བྱས་བྱུང་།