“བདེ་འཇགས་ཐོན་སྐྱེད་ཟླ་བ”དང“བདེ་འཇགས་ཐོན་སྐྱེད་བོད་དུ་ལག་བསྟར་བྱེད་པའི”ལས་དོན་ལ་སྐུལ་མ་གཏིང་ཟབ་བཏང་ནས་བདེ་འཇགས་རིག་གནས་དར་སྤེལ་དང་བདེ་འཇགས་བྱང་ཚད་མཐོ་རུ་གཏོང་ཆེད། ཉེ་དུས་སྦྲ་ཆེན་རྫོང་བདེ་འཇགས་ཐོན་སྐྱེད་ལས་དོན་ཨུ་ཡོན་ལྷན་ཁང་གིས་འཕེལ་སྒྱུར་དང་། སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན། འགྲིམ་འགྲུལ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་། འཕྲོད་བསྟེན། སློབ་གསོ་སོགས་ཁོངས་གཏོགས་ཚན་པ་དང་རྫོང་ཁོངས་ཀྱི་ཨར་ལས་རུ་ཁག་8སྒྲིག་འཛུགས་བྱས་ཏེ། གཅིག་སྡུད་ཐོག་ལས་རིགས་ཀྱི་བདེ་ཐང་སྐོར་གྱི་ཆེད་དོན་གློག་བརྙན་བལྟས་པ་རེད།
གློག་བརྙན་དེ་ནི་ལས་རིགས་ཀྱི་ནད་གཞི་དང་ལྷག་པར་དུ་རྡུལ་གྲིབ་གློ་ནད་སྡེབ་ཐོན་གྱི་ནད་དཔེ་བརྗོད་པའི་རྨང་གཞིའི་ཐོག ལས་རིགས་ཀྱི་ནད་གཞི་ཐོན་མང་བའི་རྒྱུ་རྐྱེན་གཙོ་བོར་དབྱེ་ཞིབ་དང་ལས་རིགས་ཀྱི་ནད་གཞི་འགོག་བཅོས་ཀྱི་བཅའ་ཁྲིམས་ཀྱི་བླང་བྱ་གསལ་འགྲེལ་བྱས་པ་ཞིག་ཡིན་པ་མ་ཟད། མིག་ཤེད་དང་འབྱིན་རྔུབ་སོགས་ཀྱི་ཐད་ནས་ལས་བྱེད་མི་སྣས་ངལ་རྩོལ་གྱི་འགོག་སྲུང་སྤྱོད་ཆས་ཡང་དག་སྤྱོད་རྒྱུར་ཁྲིད་སྟོན་བྱེད་པ་ཞིག་རེད།