དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • རྣ་ཅོག་སྔོག་པ་དེ་གོམས་གཤིས་ཡག་པོ་ཞིག་མིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-07-28

    མི་མི་ཉུང་བ་ཞིག་གིས་རྣ་ཅོག་གི་ཟ་འཕྲུག་ལངས་པ་གཅོག་པ་དང་རྣ་ཅོག་གཙང་མ་བཟོ་ཆེད་དུས་བཀག་ནང་རྣ་ཅོག་སྔོག་གི་ཡོད། རིགས་གཅིག་མཁས་ཅན་གྱིས་རྣ་ཅོག་སྔོག་པ་དེ་ནི་གོམས་གཤིས་ཡག་པོ་ཞིག་མིན་ཞིང་། དེས་ཟ་འཕྲུག་འཇགས་རྒྱུ་ཕར་བཞག་ད་དུང་རྣ་བར་གཉན་ཁ་བྱེད་པ་མ་ཟད། ཐ་ན་ཐོས་ཤུགས་ལ་ཤུགས་རྐྱེན་ཐེབས་སྲིད་པའི་དྲན་སྐུལ་བྱས་ཡོད། མི་མང་པོ་ཞིག་གིས་ད་དུང་མུ་ཟིའི་རྐང་དང་སྐྲ་པིང་སོགས་སྤྱད་དེ་རྣ་བ་བསྔོག་རྒྱུར་དགའ་པོ་ཡོད། གོང་གསལ་ཡོ་བྱད་དེ་དག་གིས་རྣ་བའི་ནང་འབུ་ཕྲ་བསྐྱལ་ནས་རྣ་བར་གཉན་ཁ་བཟོ་སྲིད། རྣ་ཅོག་སྔོག་སྐབས་ཤུགས་ཚད་རན་པོ་མ་བྱུང་བ་དང་ལྷག་པར་དུ་ཕྲུ་གུའི་རྣ་ཅོག་སྔོག་སྐབས་རྣ་བའི་སྐྱི་ལྤགས་བརྡོལ་ནས་གཉན་ཁ་བྱས་ཏེ་ཐོས་ཤུགས་ལ་ཤུཌ་རྐྱེན་བཟོ་སྲིད།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།