དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • གང་འདྲ་ཞིག་ལ་བང་ནད་ཟེར་རམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-07-15

    བུད་མེད་ལ་ཕྲུ་གུ་སྐྱེས་རྗེས་ལུས་པའི་ནད་ཅིག་ཏེ་དམངས་ཁྲོད་ཀྱི་ཤོད་སྲོལ་ལ་བང་ནད་ཅེས་ཟེར། བང་ནད་དེ་རིགས་ས་ཆ་མང་ཆེ་བར་ཡོད་ལ། ལྷག་པར་ཞིང་ཁུལ་དུ་མཐོང་མང་བ་ཡོད། དེས་སྦྲུམ་མའི་བདེ་ཐང་དང་ཕྲུ་གུ་སྐྱེ་རྒྱུར་གནོད་པ་ཧ་ཅང་ཆེ།

    བུད་མེད་ལ་ཕྲུ་གུ་སྐྱེས་རྗེས་ལུས་སྟོབས་ཉམས་པ་དང་ཁྲག་ཤོར་བའི་དབང་གིས་སྤྱིར་བཏང་རྒྱུན་གཏན་ལས་གཟུགས་གཞི་སྐྱོ་ལ་ནད་འགོག་ནུས་པ་ཞན་པོ་ཡོད་སྲིད། གལ་སྲིད་ངལ་གསོ་ཡག་པོ་མ་བྱུང་བ་དང་གཡོག་བྱེད་ཚུལ་བཞིན་མ་བྱུང་ན་ནད་གཞི་འབྱུང་སླ། གལ་སྲིད་ཚང་མས་རྟོགས་པའི་བང་ཚད་དང་བུ་སྣོད་ལུག་པ། རྒྱུན་མཐུད་རང་བཞིན་གྱི་ཟླ་མཚན་དབང་གིས་ན་ཟུག་གཏོང་བ་སོགས་དང་བང་གསོ་བའི་སྐབས་ཀྱི་གཙང་སྦྲ་དང་བདེ་སྲུང་དབར་འབྲེལ་བ་དམ་ཟབ་ཡོད། དེར་བརྟེན་མི་རྣམས་ཀྱིས་རྒྱུན་དུ་ཤོད་པའི་བང་ནད་ཅེས་པ་སྤྱིར་བཏང་ངལ་གསོ་བའི་རིང་ལུས་པའི་ནད་གཞི་ཞིག་ཡིན། དཔེར་ན་མགོ་བོ་ན་བ་དང་རུས་ཚིགས་གཟེར་བ། རྐང་མཐིལ་ན་བ། རྐེད་པ་ན་བ་སོགས་སོ།

    བང་ནད་དེ་དག་མང་ཆེ་བ་ཕྲུ་གུ་སྐྱེས་རྗེས་གྲང་རླུང་ཕོག་པ་དང་། ངལ་གསོ་དང་འཚོ་བཅུད་ཡག་པོ་མ་བྱུང་བ་དང་འབྲེལ་བ་ཡོད། དེར་བརྟེན་དམངས་ཁྲོད་དུ་ས་ཆ་མང་ཆེ་བར་ད་དུང་གོམས་གཤིས་ངན་པ་ཁ་ཤས་ལུས་ཡོད་དེ། གནམ་གཤིས་ཤིན་ཏུ་ཚ་བའམ་གྲང་བར་མ་བལྟོས་པར་སྦྲུམ་མས་མགོ་བསྟུམ་པ་དང་། རྐང་ཤུབས་གོན་པ། ཕྱུ་པ་དང་གོས་ཐུང་རིང་པོ་གྱོན་པ་མ་ཟད་དམ་པོར་དཀྲི་གི་ཡོད། དེ་བཞིན་སྒོ་དང་སྒེའུ་ཁུང་དམ་པོར་བརྒྱབ་ནས་སྡོད་པ་དང་། ཐ་ན་སོ་མི་བཀྲུ་བ་དང་སྐྲ་མི་ཤད་པ། རྐང་པ་དང་ལུས་སྨད་མི་འཁྲུ་བ་སོགས་བྱེད་ཀྱི་ཡོད། ཕྲུ་གུ་སྐྱེས་རྗེས་ལུས་ཟུངས་ཞན་པས་སྦྲུམ་མའི་གཟུགས་པོ་ཞན་པོར་གྱུར་པས་རླུང་མི་ཐེག་པར་གྱུར་གྱི་ཡོད། གོས་ཕུད་པ་དང་ཉལ་ཆས་བཤུ་བ། ཕྱི་ཡུལ་དང་འབྲེལ་བ་ཅུང་ཟད་བྱས་པས་གཟུགས་པོ་འཁྱགས་ནས་ཆམ་པ་ཕོག་སླ་བ། ཐ་ན་མགོ་བོ་ན་ཞིང་རུས་ཚིགས་གཟེར་བ་བཅས་བྱེད་ཀྱི་ཡོད། དབྱར་ཁའི་དུས་སུ་སྦྲུམ་མ་ལུས་ཟུངས་ཤོར་བ་དང་ཚ་ནད་ཕོག་པ་སོགས་འབྱུང་སླ།

    ཕྲུ་གུ་སྐྱེས་རྗེས་ཡིད་གཟབ་མ་བྱས་པར་རླུང་བསིལ་ལ་མ་འཛེམས་པ་དང་ཆུ་གྲང་མོར་རེག་སྔ་བའམ་ཡང་ན། ནང་ལས་སམ་ཐོན་སྐྱེད་ངལ་རྩོལ་བྱེད་སྔ་དྲགས་ན་ནད་གཞི་འབྱུང་སྲིད། གཞན་ཡང་ཕྲུ་གུ་སྐྱེས་རྗེས་གཉན་ཁ་གསོ་བའི་སྨན་བཅོས་ཡག་པོ་མ་བྱུང་བ་དང་འཁྲིག་སྤྱོད་སྔ་དྲགས་པའི་དབང་གིས་དལ་བའི་རང་བཞིན་གྱི་མཚང་རའི་གཉན་ཚད་དམ་གཅིན་ལམ་གཉན་ཚད་འབྱུང་སྲིད་ལ། སྐེད་པ་ན་བ་དང་རྐང་པ་ན་བ་བཅས་ཀྱི་ནད་རྟགས་ཀྱང་ཡོང་སྲིད།

    དམངས་ཁྲོད་དུ་བང་ནད་ལ་བང་གསོའི་ཟླ་སྡོད་བྱས་ནས་ལུས་གསོ་བའི་ཤོད་སྲོལ་དར་ཁྱབ་བྱུང་ཡོད། བུད་མེད་བང་གསོའི་རིང་ཕོག་པའི་ནད་རྣམས་ད་དུང་ཕྲུ་གུ་གཞན་ཞིག་སྐྱེས་ན་གཞི་ནས་གསོ་བཅོས་ཡག་པོ་བྱེད་ཐུབ་པར་ངོས་འཛིན་བྱེད། ཤོད་སྲོལ་དེ་རིགས་ལ་ཚན་རིག་གི་རྒྱུ་མཚན་རྩ་བ་ནས་མེད་ལ་དོན་དངོས་ཐོག་གལ་སྲིད་བུད་མེད་ལ་ནད་ཕོག་ན་ཕྲུ་གུ་བཀོག་པའམ་ད་དུང་ཕྲུ་གུ་གཞན་ཞིག་སྐྱེས་པ་སོགས་གང་བྱས་ཀྱང་བང་ནད་གསོ་བཅོས་ལ་ཕན་ནུས་རྩ་བ་ནས་མེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།