ཉེ་ཆར། བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྤྱི་ཁྱབ་རུ་ཁག་སྐྱིད་གྲོང་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱིས་བཅའ་སྡོད་བྱ་ཡུལ་དུ་མང་ཚོགས་ལ་ཐུགས་ཁུར་དང་། དྲོ་སྐྱིད། སྨོན་འདུན་བཟང་པོ་བཅས་སྐྱེལ་བའི་འཚམས་འདྲིའི་བྱེད་སྒོ་སྤེལ་བ་རེད།

འདི་ནི་སྐྱིད་གྲོང་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱི་སྨན་དོན་མི་སྣས་སྐོར་སྐྱོད་སྨན་བཅོས་བྱེད་པ་དང་མང་ཚོགས་ལ་རྒྱུན་མཁོའི་སྨན་སྤྲོད་བཞིན་པ།

འདི་ནི་སྐྱིད་གྲོང་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱི་སྨན་དོན་མི་སྣས་བཅའ་སྡོད་བྱ་ཡུལ་གྱི་མང་ཚོགས་ལ་རིན་་མེད་ངང་གཟུགས་པོར་བརྟག་དཔྱད་བྱེད་བཞིན་པ།

འདི་ནི་སྐྱིད་གྲོང་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་གིས་དཀའ་ངལ་ཡོད་པའི་མང་ཚོགས་ལ་འཚམས་འདྲི་བྱེད་བཞིན་པ།