དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • བརྙན་འཕྲིན་བེད་སྤྱོད་གཏོང་སྐབས་དོ་སྣང་བྱེད་ཐབས་འགའ་ཞིག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-07-14

    གཅིག  བརྙན་འཕྲིན་བེད་སྤྱོད་གཏོང་སྐབས་རྒྱུན་དུ་གསལ་ཚད་ལ་ཚོད་འཛིན་བྱེད་དགོས་པ་དང་སྤྱིར་བཏང་བརྙན་འཕྲིན་གྱི་གསལ་ཚད་དྲགས་ཤོས་དང་ནག་ཚད་དྲགས་ཤོས་སྐབས་ཀྱི་ཟད་ནུས་ཧེ་བག་དེ་30Wནས་50Wཡིན་པ་དང་། ཁང་པའི་ནང་དུ་གློག་ཤུགས་དམའ་བའི་ཉི་འོད་ཤེལ་ཏོག་གཅིག་སྤར་ནས་བརྙན་འཕྲིན་གྱི་གསལ་ཚད་དེ་དམའ་རུ་བཏང་སྟེ་བརྙན་འཕྲིན་བལྟས་ན་གསལ་ཆ་ལེགས་པ་མ་ཟད་མིག་ལའང་གནོད་འཚེ་ཡོང་གི་མེད།

    གཉིས། སྒྲ་ཆེ་ཆུང་ལ་ཚོད་འཛིན་བྱེད་དགོས་པ་དང་སྒྲ་ཇི་ཙམ་གྱིས་ཆེ་བ་དེ་ཙམ་གྱིས་ཟད་ནུས་མཐོ་བ་ཡོད།

    གསུམ།  ཡུན་རིང་བེད་སྤྱོད་མ་བྱས་ཚེ་རྡུལ་འགོག་ཁེབས་གཡོགས་དགོས། རྡུལ་འགོག་ཁེབས་ཀྱི་འཕྲིན་ལེན་སྒམ་ནང་དུ་ཐལ་རྡུལ་འཛུལ་མི་ཐུབ། ཐལ་རྡུལ་མང་པོ་འཛུལ་ཚེ་གློག་ཤོར་ནས་ཟད་ནུས་མཐོ་རུ་དགྲོ་བ་དང་ད་དུང་གཟུགས་རིས་དང་སྐད་ཀྱི་སྤུས་ཚད་ལ་སྐྱོན་ཡོང་གི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།