དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • བཅིངས་འགྲོལ་དམག་གི་སྨན་ཁང་༣༠༩ཡི་རིགས་གཅིག་མཁས་པའི་སྨན་བཅོས་རུ་ཁག་གིས་སི་ཁྲོན་དཀར་མཛེས་དབུལ་ཕོངས་ཤང་དུ་སྨན་བཅོས་བརྟག་དཔྱད་བྱེད་པར་བསྐྱོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།   |     རྩོམ་པ་པོ།  索朗多拉   |     སྤེལ་དུས།  2016-07-14

    བཅིངས་འགྲོལ་དམག་གི་སྨན་ཁང་༣༠༩འི་རིགས་གཅིག་མཁས་པའི་སྨན་བཅོས་རུ་ཁག་གིས་སྤྱི་ཚེས་༡༡ཉིན་སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཉག་ཆུ་རྫོང་མཁར་རིང་པོ་ཤང་དུ་སྨན་བཅོས་བརྟག་དཔྱད་དང་ཞལ་འདེབས་འབུལ་བར་བསྐྱོད་ཡོད།

    བཅིངས་འགྲོལ་དམག་གི་སྨན་ཁང་༣༠༩འི་ཡོན་ཀྲང་གཞོན་པ་ཀའོ་ཐན་ཅུན་གྱིས། ཉག་ཆུ་ས་ཁུལ་གྱི་ས་མཐོའི་ཁྱད་ཆོས་དང་ནད་གཞིའི་ཁྱད་ཆོས་ལ་གཞིགས་ནས་སྨན་ཁང་གིས་རུས་ནད་ཚན་ཁག་དང་། དབང་རྩའི་ཁོག་ནད་ཁང་། ཟགས་བཤེར་ཚན་ཁག སྦྲིད་སྨན་ཚན་ཁག་སོགས་ཆེད་ལས་ཀྱི་རིགས་གཅིག་མཁས་པ་བཅུ་ལྷག་ཙམ་གྱིས་སྨན་བཅོས་རུ་ཁག་གྲུབ་ཡོད། ཁོང་ཚོས་ནད་གཞི་བརྟག་དཔྱད་བྱེད་པ་དང་དུས་མཚུངས་སུ་ད་དུང་དབུལ་ཕོངས་ཁྱིམ་ཚང་ལ་ཞལ་འདེབས་ཕུལ་བ་མ་ཟད། བཅོས་ཐབས་དཀའ་བའི་ནད་ཕོག་པའི་ནད་པར་རྗེས་འདེད་སྨན་བཅོས་བྱེད་བཞིན་ཡོད་ཅེས་གསུངས་པ་དང་།

    མཁར་རིང་པོ་ཤང་ལ་མཐོ་ཚད་རྒྱ་མཚོའི་ངོས་ལས་རྨིད་༣༠༠༠ལྷག་ཙམ་ཡོད་པ་དང་། ཉག་ཆུ་རྫོང་གི་ཆེས་དབུལ་ཕོངས་ཤང་ཞིག་ཡིན། ཉག་ཆུ་རྫོང་འཕྲོད་བསྟེན་ཅུད་ཀྱི་འགོ་འཛིན་ཆི་ཅིས་ཡོང་གིས། ད་ཐེངས་ནད་བརྟག་དཔྱད་བྱས་པ་དེས་གྲོང་མི་མང་པོ་ཞིག་གིས་སྨན་བཀོལ་སྤྱོད་ཚད་ལྡན་མིན་པའི་གནད་དོན་ཐག་གཅོད་ཐུབ་པ་མ་ཟད། རྫོང་སྨན་ཁང་གིས་ངོས་འཛིན་བྱ་ཐབས་བྲལ་བའི་ནད་མང་པོ་ཞིག་ཤེས་རྟོགས་ཐུབ་པ་དེས་གྲོང་མི་ཚོར་སྨན་བཅོས་ནུས་ལྡན་ཐུབ་ཡོད་ཅེས་གསུངས་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་ནད་བརྟག་དཔྱད་བྱེད་སྒོ་ནི་རྒྱང་སྐྱོད་ལམ་བུའི་ཐོག་བསྐྱར་དུ་བསྐྱོད་དེ་ཀྲུང་གོའི་སེམས་པ་མཉམ་དུ་གཏོད་ཅེས་པའི་སྨན་བཅོས་སྤྱི་ཕན་བྱེད་སྒོའི་ཆ་ཤས་ཤིག་ཡིན། སྤྱི་ཟླ་བདུན་པའི་ཚེས་༨ཉིན། པེ་ཅིང་ནས་ཡིན་པའི་སྨན་དོན་དང་བླངས་པ་༩༠༠ལྷག་ཙམ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དུ་སྐྱོད་ནས་ཁག་སོ་སོར་དམར་དམག་རྒྱང་སྐྱོད་ལམ་བུའི་ཐོག་ལེགས་སྐྱེས་འབུལ་མྱོང་བའི་གསར་བརྗེའི་རྟེན་གཞི་རྙིང་པ་དང་། གྲངས་ཉུང་མི་རིགས། ཐག་རིང་། དབུལ་ཕོངས་བཅས་ཀྱི་ས་ཁུལ་བཅུར་ནད་གཞི་བརྟག་དཔྱད་དང་ཞལ་འདེབས་ཕུལ་བ། བྱིས་པའི་ལྷན་སྐྱེས་སྙིང་ནད། སྐྱ་གྲིབ་ནད་ལ་བརྟག་དཔྱད་དང་རོགས་སྐྱོབ་སོགས་ཀྱི་ལས་དོན་སྤེལ་ཡོད་པ་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།