སྤོ་བོས་བཤད་ན་སྤོ་བོ་བདེན།
རྨོ་བོས་བཤད་ན་རྨོ་བོ་བདེན།
ཕོ་བ་རྒྱགས་ན་དཔའ་གཏམ་མང་།
ཉི་མ་དྲོ་ན་སྟོང་གཏམ་མང་།
བྱས་ན་བྱུང་ན་ཡོད་ན་གསུམ།
དེ་གསུམ་གཏམ་གྱི་ཐ་མ་ཡིན།
ལྡུམ་བུ་མང་སར་ལོ་ཏོག་ཉུང་།
ཁ་ལབ་མང་སར་བློ་གྲོས་དཀོན།
དཔེ་དོན་གའུ་ཁ་སྦྱོར་དགོས།
ཞྭ་དཔེ་ལྷམ་འགེབས་ག་ལ་འགྲིག
རྟ་ཤོར་ན་འཛིན་ཐབས་ཡོད།
ཚིག་ཤོར་ན་འཛིན་ཐབས་མེད།
ཐག་རིང་གཏམ་དེ་རྒྱང་ཡང་གོ
ཐག་ཉེའི་གཏམ་དེ་ཐོས་པ་དཀའ།
ཁག་འཇོག་ས་ཁ་དཀར་རྐྱང་།
མདའ་འཕེན་ས་བྲེ་སེར་འབྲོང་།
ཁྲ་ཁྲ་འུག་པའི་སྒྲོ་འདྲ།
མི་སྙོམས་སོག་ལེའི་སོ་འདྲ།
ཁ་ལོག་ལ་ཕྱི་ལོག་བྱ་རྒྱུ་མེད།
ལམ་ལོག་ལ་ཕྱི་ལོག་བྱ་རྒྱུ་ཡོད།
ཁ་དལ་བས་གང་བྱུང་ཤོད།
ལུས་ཁོམ་པས་གང་བྱུང་བྱེད།
ཆུ་དྲོད་འཇམ་གྱིས་ཤ་མི་ཚོས།
གཏམ་ཉག་ཉོག་གིས་དོན་མི་གོ
སྐད་ཆ་མང་ན་འཕྱུགས་འགྲོ།
སྐུད་པ་རིང་ན་ཆད་འགྲོ།
གོས་གོང་བ་མེད་ན་བཟོ་འཕྲོ།
ཚིག་རྔ་མ་མེད་ན་ཤོད་འཕྲོ།
གྲི་རྣོ་མེད་ལག་པར་གཟན།
གཏམ་དོན་མེད་རྣ་བར་གཟན།