དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • དབྱར་གསེང་བདེ་འཇགས་སློབ་གསོ་སློབ་གྲྭར་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-07-06

    298423_yis_1467698606813.jpg

    ཉེ་ཆར་ཧུའུ་ཧོ་ཧའོ་ཐེ་གྲོང་ཁྱེར་ཡུས་ཆོན་ཆུས་ཧྲི་ཏུང་ལམ་སློབ་ཆུང་གིས་ཡུས་ཆོན་ཆུས་འགྲིམ་འགྲུལ་དོ་དམ་རུ་ཆེན་དང་མཉམ་དུ་དབྱར་གསེང་གི་བདེ་འཇགས་འདུ་ཤེས་སེམས་སུ་བཞག་ཅེས་པ་བརྗོད་བྱ་གཙོ་བོར་བྱས་པའི་སློབ་གསོའི་བྱེད་སྒོ་སྤེལ་བ་རེད། བྱེད་སྒོའི་ཐོག་འགྲིམ་འགྲུལ་བཀོད་འདོམས་ཀྱི་ལག་བརྡར་ལྟ་བ་དང་། འགྲིམ་འགྲུལ་མཚོན་རྟགས་དབྱེ་འབྱེད། མི་བགྲོད་འཕྲེད་ལམ་གཅོད་སྟངས་སློབ་པ། འགྲིམ་འགྲུལ་ཉེན་རྟོག་པ་ཆུང་ངུ་བྱེད་པ་སོགས་བྱ་ཐབས་སྣ་ཚོགས་བརྒྱུད། སློབ་ཕྲུག་ཚོས་འགྲིམ་འགྲུལ་བདེ་འཇགས་ཀྱི་ཤེས་བྱ་ཁོང་དུ་ཆུད་པར་བྱས་ནས། སློབ་ཕྲུག་གི་བདེ་འཇགས་འདུ་ཤེས་ཟབ་ཏུ་བཏང་ཞིང་། འདི་ནི་ནང་སོག་ཧུའུ་ཧོ་ཧའོ་ཐེ་གྲོང་ཁྱེར་ཡུས་ཆོན་ཆུས་ཧྲི་ཏུང་ལམ་སློབ་ཆུང་གི་སློབ་མས་འགྲིམ་འགྲུལ་ཉེན་རྟོག་པའི་མཛུབ་ཁྲིད་འོག་ལྡོག་འོད་ཁན་སྦྱར་གྱོན་པའི་གནས་ཚུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།