དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • གཟའ་འཁོར་འདིའི་གནམ་གཤིས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-07-05

    གཅིག   གཟའ་འཁོར་འདིའི་གནམ་གཤིས་སྔོན་བརྡ(ཟླ་7ཚེས་4ཉིན་ནས་ཟླ་7ཚེས་10ཉིན་བར)

    གཟའ་ཟླ་བ་ནས་ལྷག་པ་བར་གཞིས་རྩེ་དང་ནག་ཆུར་ཆར་པ་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་དང་ས་གནས་ཁག་གཅིག་ལ་ཆར་པ་ཆེ་བ་འབབ་རྒྱུ། ཉིང་ཁྲི་དང་། ལྷོ་ཁ། ལྷ་ས། མངའ་རིས་བྱང་རྒྱུད་བཅས་སུ་ཆར་པ་ཆུང་བའམ་ཡང་ན་འབྲུག་ཆར་འབབ་རྒྱུ་དང་ས་གནས་ཁག་གཅིག་ལ་ཆར་པ་འབྲིང་བ་འབབ་རྒྱུ། ས་ཁུལ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་ནས་ཆར་པ་སིམ་སིམ་འབབ་རྒྱུ། གཟའ་ཕུར་བུ་དང་པ་སངས་ལ་ཉིང་ཁྲི་དང་། ནག་ཆུའི་ཤར་རྒྱུད། ཆབ་མདོ་བཅས་སུ་ཆར་པ་ཆུང་བའམ་ཡང་ན་འབྲུག་ཆར་འབབ་རྒྱུ་དང་ས་གནས་ཁག་གཅིག་ལ་ཆར་པ་འབྲིང་བ་འབབ་རྒྱུ། ས་ཁུལ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་ནས་ཆར་པ་སིམ་སིམ་མམ་ཡང་ན་འབྲུག་ཆར་འབབ་རྒྱུ། གཟའ་སྤེན་པ་དང་ཉི་མར་ཉིང་ཁྲི་དང་། ནག་ཆུ། ཆབ་མདོ་བཅས་སུ་ཆར་པ་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་དང་ས་གནས་ཁག་གཅིག་ལ་ཆར་པ་ཆེ་བ་འབབ་རྒྱུ། ཡང་ཀླུང་གཙང་པོའི་རྒྱུད་དུ་ཆར་པ་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ། ས་ཁུལ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་ནས་ཆར་པ་སིམ་སིམ་འབབ་རྒྱུ།

    གཉིས།  གྲོས་འགོ

    1.རང་ལྗོངས་ཀྱི་ལྷོ་རྒྱུད་དང་ཤར་རྒྱུད་དུ་རྒྱུན་མཐུད་ངང་ཆར་པ་འབབ་རྒྱུ་ཡིན་པས་ཤྭ་འོད་དང་། རི་ཉིལ་བ། འདམ་རྡོའི་ཆུ་རུད་སོགས་ཀྱི་ས་གཤིས་གནོད་འཚེ་ཐོན་རྒྱུར་དོགས་ཟོན་བྱེད་དགོས།

    2.ནག་ཆུ་དང་ཡར་ཀླུང་གཙང་པོའི་རྒྱུད་དུ་གཏད་རྒྱུག་རང་བཞིན་གྱི་གནམ་གཤིས་བསྟན་མང་བས་ཐོག་དང་སེར་བ་འགོག་པ་སོགས་ཀྱི་འབྲེལ་ཡོད་ལས་དོན་ཡག་པོ་སྒྲུབ་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།