དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ཕྱུགས་རིགས་ཀྱི་འབྱམས་ནད་འགོག་བཅོས་བྱ་ཐབས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-07-01

    ནད་དེ་ནི་རྨིག་པ་ཁ་དབྲག་ཅན་སེམས་ཅན་གྱི་ཛ་དྲག་ཅན་གྱི་ཐུག་ཕྲད་བྱུང་བའི་འགོས་ནད་ཡིན། ནད་གཞིའི་འབྱུང་རྩ་ནི་ཁ་ཚ་རྨིག་ཚིའི་ནད་དུག་ལས་བྱུང་བ་ཞིག་རེད།

    ནད་རྟགས།

    ནད་རྟགས་དེ་ཛ་དྲག་སྐབས་ཉིན་༢___༤ནང་མངོན་པ་དང་དལ་བར་གཟའ་འཁོར་གཅིག་གཡས་གཡོན་ནང་ནད་རྟགས་མངོན་གྱི་ཡོད། ན་འགོ་ཚུགས་པའི་དུས་གཟུགས་པོའི་དྲོད་ཚད་ཏུའུ་40___41བར་དུ་མཐོ་རུ་འགྲོ་བ་དང་གཟན་ཆག་ཟ་ཤུགས་ཆུང་དུ་འགྲོ་བ། ཁ་ཆུ་འཛག་པ། ཁ་ནས་ལྦུ་བ་དཀར་པོ་དོན་པ། ཁ་ནང་དྲོད་ཚད་མཐོ་བ། ལྕེ་སྟེང་དང་མཆུ་ཏོ། སོ་རྙིལ། རྨིག་པ། ནུ་མ་སོགས་ལ་ཆེ་ཆུང་མི་འདྲ་བའི་ཆུ་ལྒང་དོན་པ། གལ་སྲིད་ཉིན་མཚན་གཅིག་ནང་ཆུ་ལྒང་དོན་པ། གལ་སྲིད་ཉིན་མཚན་གཅིག་ནང་ཆུ་ལྒང་རྟོལ་བ་ཡིན་ཚེ་རྨ་ཁའི་འགྲམ་དུ་འབུར་དམར་པོ་མང་པོ་གྲལ་སྒྲིག་ངང་རུལ་བ། གལ་ཏེ་འབུ་ཕྲ་མེད་ན་ཕན་ཚུན་འགོས་མི་སྲིད། འབུར་དམར་པོ་དོན་པ་དང་རུལ་ཤུལ་དེ་རིམ་བཞིན་རྨ་ཁ་ཟུམ་ནས་གཟུགས་གཞི་ཁང་དུ་འགྲོ་གི་ཡོད། ཕྱུགས་ཕྲུག་མང་ཆེ་བར་ཆུ་ལྒང་མཐོང་རྒྱུ་མེད། འོན་ཀྱང་ཁྲག་དོན་པའི་རང་བཞིན་གྱི་རྒྱུ་ཚད་དང་སྙིང་ཤ་སྦྲིད་པའི་ནད་རྟགས་ཡོད། ནད་དེ་བ་གླང་སོགས་རྨིག་པ་ཁ་དབྲག་ཅན་གྱི་སེམས་ཅན་ལ་ན་བ་དང་ཤི་ཚད་ཀྱང་ཧ་ཅང་མཐོ་པོ་ཡོད།

    བཅོས་ཐབས།

    ༡.ནད་དེ་ཕོག་པའི་ས་ཁུལ་དུ་དུས་བཀག་སྔོན་འགོག་སྨན་ཁབ་རྒྱག་རྒྱུ་དང་ཁ་ཚ་རྨིག་ཚའི་སྔོན་འགོག་ཁབ་རྒྱག་དགོས།

    ༢.ནད་དེའི་རིགས་སེམས་ཅན་ལ་ཕོག་ཚེ་མྱུར་དུ་གོང་རིམ་འབྲེལ་ཡོད་ཚན་པར་སྙན་སེང་ཞུ་བ་དང་ནད་རྟགས་ཞིབ་དཔྱད་བྱས་ནས་ནད་ཕོག་སེམས་ཅན་ལོགས་སུ་འཇོག་དགོས་པ། ཁོར་ཡུག་ལ་དུག་སེལ་བྱ་བ། བཅོས་ཐབས་སྣེ་མང་ཀྱི་བྱ་སྤྱོད་སྤེལ་དགོས།

    ༣.ཆུ་དུངས་མ་དང་། མཚུར། དེ་མིན་རྒྱ་ཆ་0.1___2བྱས་པའི་མཚུར་དཀར། རྒྱ་མ་0.1གི་ཀའོ་མང་སོན་ཅཱ་རྒྱ་ཆ་1___5བྱས་པའི་ཚ་ལི་སྐྱུར་གྱིས་ཁ་འཁྲུ་དགོས། རྨ་རུལ་སར་དན་ངུའི་སྣུམ་དང་སྨན་ཆུ་སྨུག་པོ་བྱུག་པ། ནུ་མར་ཆིང་མའེ་སུའུ་དང་ཧོང་ཨན་རྨ་སྨན་བྱུག་དགོས།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།