དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ཐ་མག་རྫུས་མ་དབྱེ་བ་ཇི་ལྟར་འབྱེད་དགོས་སམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-07-01

    འཛད་སྤྱོད་པས་ཐ་མག་ཉོ་སྐབས་དང་ཐོག་གསལ་ཤོག་ནས་དབྱེ་བ་ཕྱེ་དགོས། ཐ་མག་ངོ་མ་ཡིན་ན་གསལ་ཤོག་ཧ་ཅང་གསལ་པོ་ཡོད་ལ། འགྱིག་ཤོག་སྲབ་པ་དང་འོད་ཆེན་པོ་ཡོད་ལ། ལག་པས་རེག་སྐབས་མཉེན་པོ་དང་དམ་པོ་སྦྱར་ཡོད་པ་དང་ཁོད་ཀྱང་སྙོམས་པོ་ཡོད།

    གཞན་ཡང་ད་དུང་ཚོན་མདོག་ལ་ལྟ་དགོས། ཐ་མག་རྫུས་མ་དང་ཐ་མག་ངོ་མ་བསྡུར་སྐབས་སྒམ་ཆུང་གི་ཚོན་མདོག་འདྲ་གི་མེད།

    ཐ་མག་གི་རྡོ་ཐར་ལྟ་དགོས། ཐ་མག་ངོ་མའི་རྡོ་ཐའི་མདོག་ཡག་པོ་ཡོད་ལ་ཐ་མག་གི་མེ་བསད་སླ་པོ་ཡོད། ཐ་མག་རྫུས་མར་སྤུས་ཞན་གྱི་རྡོ་ཐ་སྤྱོད་ཀྱི་ཡོད་པ་དང་འཛད་སྤྱོད་པར་མགོ་སྐོར་གཏོང་ཆེད། མུ་ཟིའི་རྫས་འགྱུར་གྱིས་བདུག་བཟོས་བྱེད་པ་དང་ལ་ལར་ཚོས་བྱུག་གི་ཡོད།

    མེ་སྤོར་སྟངས་ཐོག་ནས་དབྱེ་བ་འབྱེད་དགོས། ཐ་མག་ངོ་མ་ཡིན་ན་མེ་སྤར་སླ་པོ་ཡོད། འོན་ཀྱང་ཐ་མག་རྫུས་མའི་ནང་ལུའུ་དང་ཅ་ཡི་བསྡུར་ཚད་སྙོམས་པོ་མེད་པར་བརྟེན་མེ་སྤར་སླ་པོ་མེད། ཐ་མག་རྫུས་མའི་ནང་གི་རྡོ་ཐ་མཁྲེཌ་པོ་ཡོད་པས་མེ་ཤི་སླ་པོ་ཡོད།

    དེ་དང་ཆབས་ཅིག་འཛད་སྤྱོད་པས་དྲི་མ་རྔུབས་ནས་དབྱེ་བ་འབྱེད་དགོས། ཐ་མག་ངོ་མ་སྙོལ་བ་དང་ཚན་རིག་དང་མཐུན་པའི་སྒོ་ནས་སྦྱོར་རྟ་བྱས་ཡོད་པ་དང་རྡར་ཚན་མི་འདྲ་བར་ཚན་རིག་དང་མཐུན་པའི་སྒོ་ནས་ཞིབ་བཟོ་བྱས་པར་བརྟེན་རྡོ་ཐའི་དྲི་མ་དང་སྦྱོར་རྟ་བྱས་པའི་དྲི་མ་ཞིམ་པོ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།