ཟླ་བཞི་པའི་ཟླ་མཇུག་བར། ལྷ་ས་གྲོང་ཁྱེར་དུ་ཞིང་འབྲོག་པའི་ཚན་རྩལ་ཆེད་མངགས་པ་659ཡོད་པའི་ནང་། རང་སྐྱོང་ལྗོངས་རིམ་པའི་ཚན་རྩལ་ཆེད་མངགས་པ་534དང་གྲོང་ཁྱེར་རིམ་པའི་ཚན་རྩལ་ཆེད་མངགས་པ་125ཡོད་པ་རེད།
འདི་ལོ་ཚུན་དུ་ལྷ་ས་གྲོང་ཁྱེར་གྱིས་གྲོང་གསེབ་ཀྱི་ཚན་རྩལ་ལས་གཏོད་ལ་སྐུལ་འདེད་ཤུགས་ཆེན་བཏང་ཡོད་པ་སྟེ། གཅིག་ནས་དཔེ་སྟོན་རྟེན་གཞི་དང་དཔལ་འབྱོར་མཉམ་ལས་རྩ་འཛུགས་འཛུགས་རྒྱུར་སྐུལ་འདེད་བཏང་ཞིང་། མ་དངུལ་སྒོར་ཁྲི་80བཏང་ནས་ཚན་རྩལ་ཆེད་མངགས་པའི་ལས་གཏོད་ཞབས་ཞུ་ཚོགས་པ་འཛུགས་པའི་རྣམ་གྲངས་1བརྩོན་ལེན་བྱས་པ་དང་། རྫོང་(ཆུས)4རུ་ཞིང་འབྲོག་པའི་ཚན་རྩལ་ཆེད་མངགས་པའི་ཞབས་ཞུའི་ཚོགས་པ་4བཙུགས་པ། ཚན་རྩལ་ཆེད་མངགས་པའི་ཞབས་ཞུའི་ལྟེ་གནས་བཙུགས་པ། ཞིང་ལས་ཀྱི་སོན་གསར་པ་དང་ལག་རྩལ་གསར་པ་ནང་འདྲེན་དཔེ་སྟོན་དང་དེ་བཞིན་ཁྱད་ལྡན་གསོ་ཚགས་སོགས་ཀྱི་ལས་དོན་སྤེལ་བ་དང་། གཉིས་ནས་ཚན་རྩལ་ཆེད་མངགས་པའི་དཔུང་ཁག་སྟོབས་ཆེར་བཏང་ཞིང་། ཁྱོན་ཚན་རྩལ་ཆེད་མངགས་པ(རང་སྐྱོང་ལྗོངས་རིམ་པའི་ཚན་རྩལ་ཆེད་མངགས་པ་86དང་གྲོང་ཁྱེར་རིམ་པའི་ཚན་རྩལ་ཆེད་མངགས་པ75)161གདན་ཞུ་བྱས་ཏེ། ཚན་རྩལ་ཆེད་མངགས་པའི་དཔུང་ཁག་སྟོབས་ཆེར་བཏང་བ། གསུམ་ནས་ཚན་རྩལ་ཆེད་མངགས་པའི་དཔྱད་ཞིབ་ལས་དོན་ལེགས་སྒྲུབ་བྱས་ཤིང་། དཔྱད་ཞིབ་ཕུལ་བྱུང་གི་གྲས་སུ་ཚུད་པའི་མི་53ཡོད་པ་དེས་སྤྱིའི་མི་གྲངས་ཀྱི་8%ཟིན་པ་དང་། ཚད་ལོན་པའི་མི་573ཡོད་པ་དེས་སྤྱིའི་མི་གྲངས་ཀྱི་87%བཟུང་བ། ཚད་མི་ལོན་པའི་མི་33ཡོད་པ་དེས་སྤྱིའི་མི་གྲངས་ཀྱི་5%བཟུང་ཡོད། དུས་ཚིགས་དང་པོར་ཚན་རྩལ་ཆེད་མངགས་པར་འཚོ་བའི་ཁ་གསབ་དངུལ་སྒོར་ཁྲི་367.9སྤྲད་ཡོད། བཞི་ནས་ཚན་རྩལ་གཤམ་སྤེལ་གྱི་བྱེད་སྒོ་སྤེལ་ཞིང་། འདི་ལོ་ཚུན་ཚན་རྩལ་གཤམ་སྤེལ་གྱི་བྱེད་སྒོ་ཐེངས་3སྤེལ་ནས་མང་ཚོགས་མི་ཐེངས་5000ལྷག་ཙམ་ལ་ཕན་པ་ཐོབ་ཡོད། ལྔ་ནས་ཞིང་འབྲོག་ལས་རྣམ་གྲངས་འཛུགས་སྐྲུན་ལག་བསྟར་བྱས་ཤིང་། མ་དངུལ་སྒོར་ཁྲི་580བཏང་ནས་ཞིང་འབྲོག་ལས་ཀྱི་རྣམ་གྲངས་6ལག་བསྟར་བྱས་པ་དང་གྲོན་དངུལ་སྒོར་ཁྲི་24བཀོད་སྒྲིག་བྱས་ཏེ་ཚན་རྩལ་ཆེད་མངགས་པའི་དཔེ་སྟོན་དུད་ཆེན་8འཕེལ་རྒྱས་བཏང་བ་བཅས་རེད།