སྐྱུར་མོ་འཐེན་ཐབས། ཚལ་རྔོ་སྐབས་ཚུའུ་བླུགས་དྲགས་ནས་ཚལ་སྐྱུར་མོ་ཆགས་ཚེ་བྱེ་མ་ཀ་ར་ཏོག་ཙམ་བརྒྱབ་ན་ཚལ་གྱི་སྐྱུར་ཆ་འཐེན་ཐུབ།
སོའི་ངོས་ཀྱི་རྡོ་ཐའི་དྲེག་པ་དག་ཐབས། ཐ་མག་མང་པོ་འཐེན་མཁན་ལ་རང་ཤུགས་སུ་སོའི་ངོས་ལ་རྡོ་ཐའི་དྲེག་པ་སེར་པོ་ཞིག་འཁོར་གྱི་ཡོད། སྔོན་ལ་བུ་རམ་རྡོག་པོ་ཞིག་ཁར་བཅུག་ནས་སྐར་པ་10ཙམ་མུར་དགོས་པ་དང་དེ་རྗེས་ཅུང་མཁྲེགས་པའི་སོ་ཤད་ཀྱིས་སྐར་མ་2ནས་3ཙམ་སོ་ངོས་འཕུར་བརྡར་གཏོང་དགོས་ཤིང་། སྔ་དགོང་གཉིས་སུ་ཐེངས་རེ་དང་གཟའ་འཁོར་གཅིག་རྒྱུན་འཁྱོངས་བྱས་ན་སོ་དྲེག་སེར་པོ་དག་ཐུབ།
གྲོ་ཞིབ་སྙོལ་བའི་དུས་ཚོད་ཐུང་དུ་གཏོང་ཐབས། མོག་མོག་བཟོ་བའི་གྲོ་ཞིབ་སྙོལ་སྐབས་དེའི་ནང་བྱེ་མ་ཀ་ར་ཏོག་ཙམ་བླུགས་ན་གྲོ་ཞིབ་མགྱོགས་པོ་ལངས་ཐུབ་ལ་སོབ་སོབ་ཆགས་ཀྱི་ཡོད།
ཤ་མོ་སྐམ་པོ་འབོལ་པོ་བཟོ་ཐབས། ཤ་མོ་སྐམ་པོ་མངར་ཆུར་སྦངས་ན་ཤ་མོར་ཆུ་འཐིམ་མགྱོགས་ལ་ཤ་མོ་སོས་པ་ལྟར་འབོལ་པོ་ཆགས་པ་དང་བྲོ་བ་ཡང་སོས་པ་ལྟར་ཡོང་གི་ཡོད།
མེ་ཏོག་བཞད་ཡུན་རིང་དུ་གཏོང་ཐབས། མེ་ཏོག་བཞད་བཞིན་པའི་ཁོག་མའི་ནང་བྱེ་མ་ཀ་ར་ཐུར་མ་གང་ཙམ་བླུགས་ན་མེ་ཏོག་བཞད་ཡུན་རིང་དུ་གཏོང་ཐུབ།
ཟས་རིགས་རུལ་འགོག་གི་ནུས་པ་ཐོན་ཐབས། བརྟག་དཔྱད་བྱས་པ་བརྒྱུད་མངར་ཆ་བརྒྱབ་པའི་ཟས་རིགས་ལ་ཧམ་སྤུ་རྒྱག་སླ་པོ་མེད་དོ།