དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ཚན་རྩལ་ཤེས་བྱའི་གོ་ཆ་བརྟན་པོར་བསྒོས། ཕྱུག་འགྱུར་ལམ་གྱི་དེད་དཔོན་ཁྱེད་ལས་སུ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-06-24

    ཁོང་གིས་གསོ་ཚགས་དང་། སྔོ་ཚལ་འདེབས་འཛུགས། འབྲས་ཤིང་གཡོག་བྱེད། དཔལ་འབྱོར་སྐྱེ་དངོས་ཀྱི་ས་བོན་འདེབས་གསོ་སོགས་ཀྱི་ལག་རྩལ་ལ་འབད་པ་མཐའ་གཅིག་ཏུ་བྱས་པ་དང་། རྒྱུན་ཆད་མེད་པར་གསར་གཏོད་བྱས་ཏེ། ས་མཐོའི་གནམ་གཤིས་དང་འཚམ་པ་དང་ས་གནས་དེ་གའི་ཁྱད་ཆོས་ལྡན་པའི་ཞིང་འབྲོག་ལས་ཀྱི་ཐོན་རྫས་གསར་པ་མང་པོ་འདེབས་གསོ་བྱས་ཡོད་པས། ཉིང་ཁྲི་གྲོང་ཁྱེར་གྱི་ཚན་རྩལ་ལས་རིགས་ནང་སྐད་གྲགས་ངེས་ཅན་ཡོད་པའི་རྐང་འཛིན་མི་སྣར་གྱུར་ཡོད།

    ཁོང་ནི་སྨན་གླིང་རྫོང་གི་སློབ་བྱོལ་གཞོན་ནུ་ཞིག་ནས་ཚན་རྩལ་རྐང་འཛིན་པར་གྱུར་པའི་རྟ་མགྲིན་ཚེ་རིང་ཡིན།

    དྲོད་རླུང་ལྡང་ཞིང་དཔྱིད་ཀའི་མེ་ཏོག་བཞད་པའི་སྐབས་དེར་ཞིང་དུད་ཚང་མ་དཔྱིད་རྨོད་དཔྱིད་གྲབས་བྱེད་བཞིན་ཡོད། སྐབས་དེར་རྟ་མགྲིན་ཚེ་རིང་ལོ་གཅིག་ནང་བྲེལ་འཚུབ་ཆེ་ཤོས་ཀྱི་དུས་ཡིན།

    “ང་ཚོས་བཏབ་པའི་སྔོ་ཚལ་སྤྱིར་ན་ཞོག་ཁོག་དང་། ལ་ཕུག པད་ཚལ་ཡིན་ཞིང་། སྔོ་ཚལ་དེ་རིགས་གོང་ཁེ་པོ་ཡོད། རིན་གོང་མཐོ་ཙམ་གྱི་སྔོ་ཚལ་བཏབ་ཀྱང་ཡག་པོ་སྐྱེ་གི་མི་འདུག”ཅེས་སྨན་གླིང་རྫོང་བདེ་སྐྱིད་གྲོང་གསར་གྱི་བདེ་སྐྱིད་མཚོ་མོས་བཤད། ཁོང་གིས་ལོ་བཅུ་ཡི་རིང་སྔོ་ཚལ་འདེབས་འཛུགས་བྱས་ཀྱང་། སྔར་བཞིན་འདེབས་འཛུགས་ལག་རྩལ་དང་ཁོར་ཡུག་གི་ཚོད་འཛིན་ཕོག་པས། རྟག་ཏུ་རྟ་མགྲིན་ཚེ་རིང་ལ་སྐྱབས་བཅོལ་ཞུ་དགོས་ཀྱི་ཡོད། ད་ཐེངས་ཁོང་གིས་རྒྱུན་ལྡན་ལྟར་རྟ་མགྲིན་ཚེ་རིང་ལ་ཁ་པར་བཏང་།

    རྟ་མགྲིན་ཚེ་རིང་གི་རོགས་རམ་དང་མཛུབ་ཁྲིད་འོག་བདེ་སྐྱིད་མཚོ་མོས་སྔོ་ཚལ་འདེབས་འཛུགས་ལག་རྩལ་སློབ་སྦྱོང་ཧུར་ཐག་བྱས་ཏེ། དྲོད་ཁང་ཆེན་པོ་དང་སོན་བཟང་འདེབས་འཛུགས་ལག་རྩལ་ལ་བརྟེན་ནས་ཕྱུག་འགྱུར་གྱི་ལམ་བུའི་ཐོག་སྐྱོད་ཐུབ་ཡོད།

    རྟ་མགྲིན་ཚེ་རིང་གི་སྒེར་སེམས་མེད་པའི་རོགས་རམ་འོག་སྨན་གླིང་རྫོང་གི་མི་སེར་དེ་བས་མང་བ་ཕྱུག་འགྱུར་གྱི་ལམ་བུའི་ཐོག་སྐྱོད་བཞིན་ཡོད། 2014ལོ་ནས་2015ལོ་ཁོ་ནར་རྟ་མགྲིན་ཚེ་རིང་གིས་སྨན་གླིང་རྫོང་དུ་སྔོ་ཚལ་འདེབས་འཛུགས་འཇོན་ཐང་ཅན་མི་ཐེངས་180ལྷག་ཙམ་དང་། འབྲས་ཤིང་སྦྱར་ག་རྒྱག་མཁན་ལག་རྩལ་མི་སྣ་མི་ཐེངས་380ལྷག་ཙམ། འབྲས་ཤིང་དོ་དམ་མི་སྣ་མི་ཐེངས་220ལྷག་ཙམ། ར་མོ་ཤག་ཆེན་དང་། ཀོ་ཤ། མོག་རོ་བཅས་ཀྱི་འདེབས་འཛུགས་མི་སྣ་མི་ཐེངས་6000ལྷག་ཙམ་ལ་གསོ་སྦྱོང་བྱས་པས། གཞི་རིམ་མང་ཚོགས་ཀྱི་དགའ་བསུ་དང་བརྩི་བཀུར་ཐོབ་ཡོད།

    མང་ཚོགས་ཀྱིས་རྟ་མགྲིན་ཚེ་རིང་ལ“ནོར་ལྷ་རྟ་མགྲིན”ཞེས་འབོད་ཀྱི་ཡོད་ལ། ཁོང་ལ་སེམས་གཏིང་ནས་བརྩི་བཀུར་ཞུ་གི་ཡོད། ཞིང་འབྲོག་པ་སུ་ཞིག་གི་ཁ་པར་འབྱོར་མ་ཐག་རྟ་མགྲིན་ཚེ་རིང་གིས་སུན་སྣང་སྤུ་ཙམ་མེད་པར་ཁོང་ཚོའི་དོགས་གཞི་སེལ་རོགས་བྱེད་ཀྱི་ཡོད། ཁོང་གིས་ལག་རྩལ་གསོ་སྦྱོང་གི་འཆད་ཁྲིད་བྱེད་རིམ་བཞིན་སྒོ་འགྲམ་དུ་འཆད་ཁྲིད་ཉན་པར་ཡོང་མཁན་མང་ཚོགས་ཀྱི་འདྲུད་འཐེན་འཁོར་ལོ་དང་། སྦག་སྦག རྟ་དྲེལ་འཁོར་ལོ་སོགས་ཀྱིས་ཁེངས་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།