དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ཕྲུ་གུ་བཙའ་སྐབས་ཁྱོ་གས་སྦྲུམ་མའི་འགྲམ་དུ་སྡོད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-06-22

    ཕྱིའི་རྒྱལ་ཁབ་ཏུ་སྦྲུམ་མས་ཕྲུ་གུ་བཙའ་སྐབས་ཁྱོ་ག་འགྲམ་དུ་སྡོད་ཆོག་གི་ཡོད། ཡིན་ནའང་རང་རྒྱལ་དུ་མིག་སྔར་སྨན་ཁང་གི་ཆ་རྐྱེན་ལ་ཚད་བཀག་ཡོད་པའི་རྐྱེན་གྱིས་སྨན་ཁང་མང་དག་ཅིག་ལ་ཁྱོ་ག་ཕྲུ་གུ་སྐྱེ་སར་སྡོད་དུ་འཇུག་གི་མེད། སྦྲུམ་མར་ཕྲུ་གུ་སྐྱེ་བའི་སྐབས་ཚད་གཞི་མི་འདྲ་བའི་དངངས་འཚབ་སྐྱེ་གི་ཡོད་པས་ཁྱོ་ག་འཁྲིས་སུ་ཡོད་ན་ཕྱོགས་མང་པོའི་ཐད་ནས་སྦྲུམ་མའི་དངངས་སྐྲག་གི་བསམ་པ་ཁྱད་བསད་ཐུབ་ཀྱི་ཡོད་ཅིང་། ཁྱོ་གའི་ངག་འཇམ་ལ་སྙིང་བརྩེ་བའི་སྐད་ཆས་སྦྲུམ་མར་སེམས་གསོ་ཐེབས་པ་དང་། ཁྱོ་གའི་རྒྱབ་སྐྱོར་དང་སྐུལ་ལྕག་གིས་སྦྲུམ་མར་ཕྲུ་གུ་བདེ་བླག་ངང་སྐྱེ་ཐུབ་པའི་ཡིད་ཆེས་བརྟན་དུ་འགྲོ་གི་ཡོད། ཁྱོ་ག་འཁྲིས་སུ་ཡོད་ན་སྦྲུམ་མ་རང་ཉིད་ལ་སྟོབས་ཆེའི་རྒྱབ་བརྟེན་ཡོད་པའི་སྣང་བ་ཡོང་གི་ཡོད་པ་དང་བཟའ་ཟླའི་སྡུག་བསྔལ་འཁུར་རོགས་བྱེད་ཐུབ་པ་དང་ཆབས་ཅིག་ཁྱོ་གས་ཕྲུ་གུ་བདེ་ཐང་ངང་སྐྱེས་པའི་སྤྲོ་སྣང་མྱོང་ཐུབ་པས་དེས་བཟའ་ཚང་གི་བརྩེ་དུང་ཟབ་ཏུ་གཏོང་བའི་ཐད་ལའང་དོན་སྙིང་གལ་ཆེན་ལྡན་ཡོད། དེར་བརྟེན་སྦྲུམ་མ་སྐྱེ་ཁང་ནང་མ་སྐྱོད་གོང་ཁྱོ་གས་རང་གི་བཟའ་ཟླའི་འཁྲིས་སུ་སྡོད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།