དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྤྱི་ཁྱབ་རུ་ཁག་སྨན་ཁང་གིས་བདེ་ཐང་གཞི་རིམ་དུ་བསྐྱལ། མང་ཚོགས་ལ་ཞབས་འདེགས་ཞུས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2016-06-21

    293528_yis_1466397697421_s.jpg

    བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྤྱི་ཁྱབ་རུ་ཁག་སྨན་ཁང་གིས“སྨན་བཅོས་ཡན་ལག་རུ་ཆུང”མངགས་ནས་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དུ“བདེ་ཐང་གཞི་རིམ་དུ་སྐྱེལ་བའི”བྱེད་སྒོ་སྤེལ་ནས་གཞིས་རྩེའི་མཐའ་སྲུང་དཔོན་དམག་ལ་གཟུགས་པོ་བརྟག་དཔྱད་བྱས་པ་དང་དུས་མཚུངས། བཅའ་སྡོད་ཁུལ་གྱི་མང་ཚོགས་ལ་སྨན་ཡོན་མི་དགོས་པར་འོས་འགན་སྨན་བཅོས་བྱས་པ་རེད། སྨན་དོན་མི་སྣས་སེམས་རྩ་འཁོལ་པོ་དང་ངང་རྒྱུད་རིང་པོས་མང་ཚོགས་ཀྱི་གཟུགས་པོའི་གནས་ཚུལ་སྐད་ཆ་འདྲི་བ་དང་ནན་ཏན་ངང་བརྟག་དཔྱད་བྱེད་པ་དང་སྦྲགས། མང་ཚོགས་སོ་སོའི་གཟུགས་པོའི་གནས་ཚུལ་ལ་གཞིགས་ནས་ཚན་རིག་དང་མཐུན་པའི་བརྟག་དཔྱད་སྨན་བཅོས་ཀྱི་བསམ་འཆར་བཏོན་པ་རེད། མིག་སྔའི་བར། “བདེ་ཐང་གཞི་རིམ་དུ་སྐྱེལ་བའི”ཡན་ལག་རུ་ཆུང་གིས་མཐའ་མཚམས་མང་ཚོགས་དང་གྲྭ་བཙུན་མི་གྲངས་650ལ་བརྟག་དཔྱད་སྨན་བཅོས་བྱས་ཏེ་སྒོར་7000རི་བའི་སྨན་སྦྱིན་བཏང་ཞིང་། འདི་ནི་ཟླ་6ཚེས་17ཉིན་བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྤྱི་ཁྱབ་རུ་ཁག་སྨན་ཁང་གི“བདེ་ཐང་གཞི་རིམ་དུ་སྐྱེལ་བའི”སྨན་བཅོས་ཡན་ལག་རུ་ཆུང་གི་སྨན་པས་གཞིས་རྩེར་མང་ཚོགས་ལ་ཁྲག་ཤེད་ལྟ་བའི་གནས་ཚུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།