1.ལུས་པོ་ཡོངས་ལ་སྦྱོང་བརྡར་ཐུབ་པ།
གོམ་ཞེང་ཆེན་པོ་སྤོས་ནས་འགྲོ་སྐབས་མིའི་གཟུགས་པོའི་སྟེང་གི་ཤ་གནད་60%-70% སྒུལ་སྐྱོད་ཐུབ་ཀྱི་ཡོད་པས་དེས་གཟུགས་པོ་སྨད་ཀྱི་ཤ་གནད་དང་ཚིགས་རྒྱུས་ལ་སྟོབས་ཤུགས་འཕེལ་ནས་ཚིགས་ཀྱི་སྟབས་བསྟུན་རང་བཞིན་རྒྱུན་འཁྱོངས་དང་ཡན་ལག་བཞི་དང་ནང་ཁྲོལ་གྱི་ཁྲག་རྒྱུན་འཁོར་རྒྱུག་ལ་སྐུལ་འདེད་ཐུབ་ནས་སེམས་ཁམས་སྙོམས་སྒྲིག་སོགས་ཚང་མར་ནུས་པ་བཟང་པོ་ཐོན་གྱི་ཡོད།
2. སྙིང་ནད་དང་གཅིན་སྙི་ཟ་ཁུ་ཉུང་དུ་གཏོང་ཐུབ་པ།
རྒྱུན་དུ་གོམ་པ་བརྒྱབ་ནས་སྦྱོང་བརྡར་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ན་1/3གི་སྙིང་ནད་ཉུང་དུ་འགྲོ་ཐུབ་པ་དང་། 1/2གི་གཅིན་སྙི་ཟ་ཁུའི་ནད་ཕོག་ཤུགས་ཉུང་དུ་འགྲོ་ཐུབ་པ། ད་དུང་ལུས་ཁམས་ཀྱི་རིམས་འགོག་མ་ལག་གི་ནུས་པར་སྐུལ་སྤེལ་གཏོང་ཐུབ་པ་དང་། རིམས་འགོག་དབང་པོ་རྒས་རྒྱུར་ནར་འགྱངས་གཏོང་ཐུབ་ཀྱི་ཡོད།
3.ཁྲག་ཤེད་དམའ་རུ་འགྲོ་བར་རམ་འདེགས་བྱེད་ཐུབ་པ།
རྒྱུན་དུ་གོམ་པ་སྤོས་ནས་ལུས་སྦྱོང་བྱེད་རྒྱུ་རྒྱུན་འཁྱོངས་ཐུབ་ན་འཁུམ་འདུ་དང་རྐྱོང་ཤད་ཀྱི་ནུས་པ་ཐོན་རྒྱུར་རམ་འདེགས་བྱེད་ཐུབ་པ་དང་། མིའི་རྐང་པའི་འོག་ཏུ་ཁྱོན་གསང་མིག་100ལྷག་ཙམ་ཡོད་པས་གོམ་པ་མང་ཙམ་སྤོས་ན་ལུས་ཕུང་གསང་མིག་ལ་ཕོག་ཐུག་སྤྲད་ནས་ཁྲག་ཤེད་གཅོག་པར་རམ་འདེགས་ཀྱི་ནུས་པ་ཐོན་གྱི་ཡོད།
4. རུས་སྟོབས་རྒྱས་པ།
ལུས་ལ་མཁོ་བའི་རུས་བཅུད་འདང་ངེས་མ་བྱུང་ན་འཚོ་བཅུད་ཀལ་འདང་གི་མེད། འོན་ཀྱང་མི་མང་པོ་ཞིག་གིས་སྒུལ་སྐྱོད་ཉུང་དྲགས་ན་འཚོ་བཅུད་མི་འདང་བར་འགྱུར་འགྲོ་བ་ཤེས་ཀྱི་མེད། རྒས་འཁོགས་དང་དར་མའི་རུས་པ་སོབ་སོབ་ཏུ་གྱུར་པ་སྔོན་འགོག་བྱེད་དགོས་ན་ང་ཚོས་ཆུང་དུས་ནས་འོ་མ་མང་ཙམ་འཐུང་བ་ཕུད། ད་དུང་གཟུགས་པོར་སྦྱོང་བརྡར་བྱེད་པའི་གོམས་གཤིས་བཟང་པོ་ཞིག་འཇགས་ཐུབ་པ་བྱེད་རྒྱུ་དེ་གལ་ཆེའོ།