དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ཕྲུ་གུ་བཙའ་དཀའ་བར་འགོག་ཐབས་ཡོད་དམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-06-17

    ཕྲུ་གུ་རྒྱུན་གཏན་བཞིན་སྐྱེ་ཐུབ་མིན་ནི་སྦྲུམ་མའི་ནུས་ཤུགས་དང་། སྐྱེ་ལམ། ཕྲུ་གུ་བཅས་གསུམ་དང་འབྲེལ་བ་ཡོད་པ་ཞིག་ཡིན། གལ་སྲིད་དེའི་ནང་གི་གཅིག་ལ་གནད་དོན་ལྷག་ཚེ་ཕྲུ་གུ་སྐྱེ་ཁག་པོར་གྱུར་ནས་མངལ་བདེ་བླག་ངང་གྲོལ་ཐུབ་ཀྱི་མེད།

    ཕྲུ་གུ་སྐྱེ་ཁག་པོ་བྱུང་བ་དེས་མ་བུ་གཉིས་ཀར་ཉེན་ཁ་ཆེན་པོ་འཕྲད་དེ་སྐྱེད་མ་དང་ཕྲུ་གུའི་གཟུགས་པོར་རྨས་སྐྱོན་ཤོར་བ་མ་ཟད། ཐ་ན་ཚེ་སྲོག་ལའང་ཉེན་ཁ་ཆེན་པོ་ཡོད། ཡིན་ནའང་ཚན་རིག་དང་མཐུན་པའི་འཐུས་སྒོ་ཚང་བའི་ཕྲུ་གུ་སྐྱེ་བའི་བདེ་སྲུང་ཡག་པོ་བྱས་ན་སྔ་ཙམ་ནས་ཕྲུ་གུ་སྐྱེ་དཀའ་བའི་རྒྱུ་རྐྱེན་ཤེས་རྟོགས་ཐུབ། མཚང་རུས་ལ་ཚད་ལེན་བྱེད་པ་དེས་ཕྲུ་གུ་མཚང་རུས་བརྒྱུད་ནས་རང་བཞིན་དུ་མངལ་གྲོལ་མིན་ཤེས་ཐུབ་པ་དང་ཕྲུ་གུའི་གནས་སྟངས་ལ་བརྟག་དཔྱད་བྱས་ན་ཕྲུ་གུའི་ཆེ་ཆུང་དང་ཕྲུ་གུའི་སྡོད་སྟངས་སོགས་ཀྱི་གནས་ཚུལ་ཤེས་ཐུབ་པ་མ་ཟད། སྦྲུམ་མའི་གཟུགས་གཞིར་ཞིབ་ཕྲའི་བརྟག་དཔྱད་དང་ནད་བཅོས་བྱས་ན་སྦྲུམ་མ་དང་ཕྲུ་གུའི་བདེ་ཐང་གི་གནས་ཚུལ་ལ་ཁྱོན་ཡོངས་ནས་ཐོ་འགོད་བྱེད་ཐུབ། སྤྱིར་སྐྱེ་ཟླ་མ་ཤར་གོང་གི་གཟའ་འཁོར་གཉིས་ཀྱི་གཡས་གཡོན་ནང་སྨན་པས་ཕྲུ་གུ་སྐྱེ་ཁག་པོ་ཡོང་མིན་ལ་ཞིབ་ཕྲའི་ཤེས་རྟོགས་དང་ཚོད་དཔག་ཐུབ་པ་དང་། གལ་སྲིད་ཕྲུ་གུ་སྐྱེ་ཁག་པོ་བྱུང་ཚེ་སྦྲུམ་མ་དང་ཕྲུ་གུར་ཤུགས་རྐྱེན་ཇི་འདྲ་ཐེབས་མིན་དང་དེ་བཞིན་གཤགས་བཅོས་བྱས་ནས་ཕྲུ་གུ་སྐྱེ་དགོས་མིན་སོགས་ཤེས་རྟོགས་ཐུབ་ཀྱི་ཡོད་པས་སྨན་པས་སྦྲུམ་མ་དང་ཁྱིམ་མིར་སྨན་བཅོས་ཀྱི་བསམ་འཆར་འདོན་སྐབས་སྦྲུམ་མ་དང་ཁྱིམ་མིས་ཕྱོགས་ཡོངས་ནས་གྲ་སྒྲིག་ཡག་པོ་བྱེད་དགོས། ཚོད་དཔག་ཡང་དག་དང་སྨན་པ་དང་གཞོགས་འདེགས་ཡག་པོ་བྱུང་ཚེ་སྤྱིར་ཕྲུ་གུ་སྐྱེ་ཁག་པའི་གནས་ཚུལ་དུས་ཐོག་ཏུ་ཐག་གཅོད་ཐུབ་པ་མ་ཟད་མ་བུ་བདེ་གྲོལ་ཡོང་གི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།