དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ལྷ་ས་གྲོང་ཁྱེར་གནམ་གཤིས་ཅུས་ཀྱིས་མི་ཐབས་ཀྱིས་གནམ་གཤིས་ལ་ཤུགས་རྐྱེན་ཐེབས་པའི་རྩལ་ནུས་སྦྱོང་བརྡར་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-06-16

    ཉེ་ཆར། ལྷ་ས་གྲོང་ཁྱེར་གནམ་གཤིས་ཅུས་ཀྱིས་ཚད་མཐོའི་མཐོང་ཆེན་དང་སྟག་རྩེ་རྫོང་ཞིང་འབྲོག་ཅུས་ཀྱི་གཞོགས་འདེགས་འོག  རྫོང་དེའི་མི་ཐབས་ཀྱིས་གནམ་གཤིས་ལ་ཤུགས་རྐྱེན་ཐེབས་པའི་སྦྱོང་བརྡར་ལས་དོན་དངོས་སུ་སྤེལ་འགོ་ཚུགས་པ་རེད།

    ད་ལོར། རྫོང་དེར་མི་ཐབས་ཀྱིས་གནམ་གཤིས་ལ་ཤུགས་རྐྱེན་ཐེབས་པའི་སྦྱོང་བརྡར་ནང་ཞུགས་མཁན་སློབ་མ་12ཡོད་པ་དང་། སློབ་མ་དེ་དག་རྫོང་དེའི་གནམ་གཤིས་ལས་ཀའི་ས་གནས་6ནས་ཡོང་ཡོད་པ་རེད་། སྦྱོང་བརྡར་ལ་རིགས་པའི་གཞུང་ལུགས་ཀྱི་རྩལ་ནུས་གསོ་སྦྱོང་དང་བཀོལ་སྤྱོད་རྩལ་ནུས་གསོ་སྦྱོང་ཁག་གཉིས་ཡོད་པ་རེད།

    སྦྱོང་བརྡར་བྱས་རྗེས། རྫོང་དེའི་མི་ཐབས་ཀྱིས་གནམ་གཤིས་ལ་ཤུགས་རྐྱེན་ཐེབས་པའི་ལས་དོན་མི་སྣ་དང་དོ་དམ་མི་སྣའི་བདེ་འཇགས་ཀྱི་འདུ་ཤེས་ཇེ་མཐོར་སོང་བ་དང་།  ལས་དོན་མི་སྣ་བཀོལ་སྤྱོད་རྩལ་ནུས་དང་ལས་སྒོའི་བྱང་ཚད་མཐོ་རུ་ཕྱིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།