དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • སྐལ་ཡངས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་ཏེང་པའི་བུ་མོ་ཆུང་ཆུང་གི་སློབ་གྲྭ་འགྲིམ་པའི་ཕུགས་བསམ་སྒྲུབ་རོགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-06-10

    སློབ་དུས་གསར་པ་འགོ་ཚུགས་རིམ་བཞིན་ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་རྫ་ཡུལ་རོང་སྟོད་གྲོང་རྡལ་སྐལ་ཡངས་གྲོང་ཚོའི་ཏེང་པའི་བུ་མོ་ཅང་མེས་རང་ཉིད་དང་ལོ་ན་གཅིག་མཚུངས་ཀྱི་གྲོགས་པོ་ཆུང་ཆུང་ཚོ་སློབ་གྲྭར་འགྲོ་བ་མཐོང་སྐབས་རང་དབང་མེད་པར་མིག་ཆུ་ཤོར་ནས་སྡོད་ཀྱི་ཡོད། ཁོ་མོས་དེ་ལྟར་བྱས་ནས་ལོ་5ལྷག་ཙམ་འགྲོ་གི་ཡོད།

    ཅང་མེ་ཆུང་བྱིས་པའི་དུས་སུ་ཕ་མ་གཉིས་པོས་ཁོ་མོར་ཐེམ་ཐོ་དུས་ཐོག་ཏུ་བཟོས་མེད་པའི་ཁར་ཐེམ་ཐོ་བཟོ་སྐབས་སྐད་བརྡ་མི་འཕྲོད་པའི་དབང་གིས་ཅང་མེའི་ཐེམ་ཐོའི་ཐོག་གི་ལོ་གྲངས་དེ་དངོས་ཡོད་ལོ་གྲངས་ལས་ལོ་ཁ་ཤས་ཀྱིས་ཆུང་བ་བྲིས་ཡོད་པས་ད་བར་སློབ་གྲྭར་འགྲོ་ཐུབ་མེད།

    རྫ་ཡུལ་རྫོང་རྫ་ཡུལ་རོང་སྟོད་གྲོང་རྡལ་སྐལ་ཡངས་གྲོང་ཚོར་བཅའ་སྡོད་རྨང་བརྟན་དམངས་ཕན་བྱེད་སྒོའི་ལས་དོན་རུ་ཁག(ཉིང་ཁྲི་གྲོང་ཨུད་གཞུང་ལས་ཁང་གིས་མངགས)གིས་བརྟག་ཞིབ་བྱེད་རིང་གནས་ཚུལ་དེ་ཤེས་རྗེས་མཐོང་ཧ་ཅང་ཆེན་པོ་བྱས་ནས་འཕྲལ་དུ་འབྲེལ་ཡོད་བྱ་ཐབས་སྤྱད་དེ་རྫ་ཡུལ་རོང་སྟོད་གྲོང་རྡལ་མི་དམངས་སྲིད་གཞུང་དང་གྲོང་རྡལ་ལྟེ་བའི་སློབ་ཆུང་དང་དེ་བཞིན་སློབ་གསོའི་སྡེ་ཚན་གྱི་ཕྱོགས་ཁག་དང་མཐུན་སྦྱོར་ཧུར་ཐག་བྱས་པ་དང་སྦྲགས། ཁོང་ཚོའི་རོགས་རམ་འོག་ཅང་མེ་སློབ་གྲྭར་བདེ་བླག་ངང་སྐྱོད་ཐུབ་པ་བྱུང་བ་མ་ཟད། ཚད་ལྡན་གྱི་སློབ་གསོ་དང་ལེན་བྱ་རྒྱུའང་བྱུང་ཡོད།

    ཅང་མེ་སློབ་གྲྭའི་འཚོ་བའི་ནང་མགྱོགས་མྱུར་ཞུགས་ཐུབ་པ་བྱ་ཆེད། ཉེ་ཆར་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་ཁོ་མོ་སློབ་གྲྭར་བསྐྱལ་བ་དང་སྦྲགས། འཛིན་གྲྭ་དང་ཉལ་ཁང་བཀོད་སྒྲིག་བྱས་པ་དང་སློབ་དེབ་དང་སློབ་གྲྭའི་གྱོན་གོས་དང་དེ་བཞིན་སློབ་སྦྱོང་ཡོ་བྱད་སྤྲད་པས་ཅང་མེས་སློབ་གྲྭའི་དགེ་སློབ་ཀྱི་སེམས་ཁུར་དང་དྲོ་སྐྱིད་ཚོར་ནས་ངོ་གདོང་ནས་བདེ་སྐྱིད་ཀྱི་འཛུམ་མདངས་འཕྱུར་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།