དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • སྦྲུམ་མས་ཕྲུ་གུ་སྐྱེ་སྐབས་གང་འདྲ་བྱས་ན་སྐྱེ་ཟུག་ཆུང་དུ་གཏོང་ཐུབ་བམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-06-10

    འཇིགས་སྣང་ནི་ཕྲུ་གུ་སྐྱེ་སྐབས་ན་ཟུག་གི་ཚོར་སྣང་ཡོང་བའི་རྒྱུ་རྐྱེན་གཙོ་བོ་ཡིན། སྦྲུམ་མ་ཚང་མས་ཕྲུ་གུ་སྐྱེ་བའི་གཟུགས་ཁམས་ཀྱི་བརྒྱུད་རིམ་ལ་ཤེས་རྟོགས་ཡོང་བ་བྱས་ནས་དངངས་སྐྲག་མེད་པའི་ཐོག་སྨན་པར་གཞོགས་འདེགས་ཡག་པོ་བྱས་ན་ཕྲུ་གུ་སྐྱེ་སྐབས་ཀྱི་ན་ཟུག་ཆུང་དུ་གཏོང་ཐུབ།

    སྦྲུམ་མར་ཕྲུ་གུ་སྐྱེ་གྲབས་ཡོད་པའི་སྐབས་ཁྱིམ་མི་ཁྲིད་དུ་སྡོད་རྒྱུ་ནི་དངངས་སྐྲག་འཇོམས་པའི་གལ་ཆེའི་བྱ་ཐབས་ཤིག་ཡིན་ཞིང་། སྐབས་འདིར་སྦྲུམ་མས་ཡག་ཤོས་བྱུང་ན་འཆམ་འཆམ་བྱེད་པ་དང་། རོལ་དབྱངས་ཉན་པ། བདེ་ཐང་གི་སློབ་གསོའི་སློབ་དེབ་སོགས་བལྟས་ན་ཡག་པོ་ཡོད། དེ་མིན་སྦྲུམ་མས་གཤམ་གྱི་བྱ་ཐབས་ཁག་སྤྱད་ནས་སྐྱེ་ཟུག་ཆུང་དུ་གཏོང་ཐབས་བྱས་ཆོག་པ་སྟེ།

    (1 )དབུགས་རྔུབ་གཏོང་གི་སྐྱེ་ཟུག་ཆུང་དུ་གཏོང་ཐབས། ཁ་ཁུ་སིམ་པོའི་ངང་ག་ལེར་དབུགས་རྔུབ་གཏོང་བྱེད་དགོས་ལ་དབུགས་རྔུབ་གཏོང་བྱེད་ཐེངས་གཅིག་ལ་དུས་ཡུན་སྐར་ཆ་དྲུག་ཡས་མས་དགོས།

    (2)སྐེད་པ་མནན་ནས་སྐྱེ་ཟུག་ཆུང་དུ་གཏོང་ཐབས། ལག་གཉིས་ཁུ་མཚུར་འགུམས་ནས་སྐེད་པའི་གཞོགས་འདེགས་གཡས་གཡོན་གཉིས་ནས་མནན་དགོས།

    (3 )འཕུར་མཉེས་བཏང་ནས་སྐྱེ་ཟུག་ཆུང་དུ་གཏོང་ཐབས། ལག་གཉིས་ཀྱིས་སྐེད་པའི་གཡས་གཡོན་གཉིས་སམ་ཡང་ན་གྲོད་པར་ག་ལེར་འཕུར་མཉེས་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།