དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ཁྱིམ་ཚང་ནང་རྒྱུན་སྤྱོད་ཀྱི་མེ་གསོད་ཐབས་གང་དང་གང་ཡོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-06-07

    གཤེར་གཟུགས་ཀྱི་རྡོ་སྣུམ་རླངས་དང་སྦུག་འདྲེན་སོལ་རླངས། རང་བྱུང་སོལ་རླངས་སོགས་ཕུ་ཤོར་ནས་མེ་སྐྱོན་ཐོན་སྐབས། ཨ་ཅོར་དང་འཕྱིད་རས་སོགས་རློན་པ་བཟོས་ནས་མེ་འབར་སའི་ཁ་བཀག་དགོས་པ་དང་། ལམ་སེང་གཅུས་སྒོ་རྒྱག་དགོས།

    གལ་སྲིད་ཚལ་སླང་ལ་མེ་ཤོར་ན། ཆུ་གཤོས་ནས་མེ་གསོད་ཐབས་རྩ་བ་ནས་བྱེད་རྒྱུ་མེད་ཅིང་། དེ་བས་ལག་པས་དམར་འཇུས་རྒྱག་རྒྱུ་མེད་པར། ཚལ་སླང་ལ་ཁ་གཅོད་རྒྱག་ཐབས་བྱེད་པའམ་ཚལ་སླང་ནང་ལམ་སེང་ཚལ་བླུགས་དགོས། མེ་དང་མཁའ་རླུང་མ་ཐུག་ན་མེ་ཤི་རྒྱུ་ལས་མེད།

    ཁྱིམ་སྤྱོད་གློག་ཆས་ལ་མེ་འབར་ཚེ། ལམ་སེང་གློག་གསོད་དགོས་པ་ལས། ཆུ་གཤོས་ནས་མེ་གསོད་ཐབས་རྩ་བ་ནས་བྱེད་རྒྱུ་མེད། གང་ལགས་ཤེ་ན། ཆུར་གློག་འཁྱུད་ནས་མིར་གནོད་འཚེ་བཟོ་ཉེན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།