དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ཀྲུང་གོ་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་ཚན་རིག་དང་མཐུན་པའི་ངང་བྱིས་པའི་བདེ་འཇགས་རྐུབ་བཀྱག་ཉོ་སྒྲུབ་བྱེད་དགོས་པའི་དྲན་སྐུལ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-06-06

    ཀྲུང་གོ་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་ཟླ་5ཚེས་30ཉིན་འཛད་སྤྱོད་པར་ཚན་རིག་དང་མཐུན་པའི་ངང་བྱིས་པའི་བདེ་འཇགས་རྐུབ་བཀྱག་ཉོ་སྒྲུབ་དང་བེད་སྤྱོད་བྱས་ནས་བྱིས་པའི་འགྲོ་སྐྱོད་བདེ་འཇགས་འགན་ལེན་བྱེད་དགོས་པའི་དྲན་སྐུལ་བྱས་པ།

    ལོ་ཚད་མི་འདྲ་བའི་བྱིས་པའི་འདོད་བློ་སྐོང་ཆེད་ཐོན་རྫས་དེ་རིགས་ཇུས་འགོད་ཐད་བྱིས་པའི་གནས་ཚུལ་དང་མཐུན་ཐབས་གང་ལེགས་བྱེད་དགོས།

    བྱིས་པའི་འཚར་ལོངས་དུས་མཚམས་ལ་གཞིགས་གང་ཐུབ་ཅི་ཐུབ་ཀྱིས་རྐུབ་བཀྱག་གི་བཟོ་དབྱིབས་ཇུས་འགོད་བྱེད་དགོས།

    མིག་སྔར་ཁྲོམ་རའི་ཐོག་བྱིས་པའི་བདེ་འཇགས་རྐུབ་བཀྱག་སྤྱིར་ན་ཁག་འགའ་ལ་དབྱེ་ཆོག་པ་སྟེ།

    གཅུས་གཟེར་དམ་པོ་བརྒྱབ་པས་ལས་སླ་པོར་ལྷུག་ཏུ་མི་འགྲོ་བ་དང་། སྒྲིག་སྦྱོར་སྟབས་བདེ་ཡིན་རུང་རྐུབ་བཀྱག་དེའི་ཐད་དེ་མཚུངས་ཀྱི་ཚད་ལྡན་མཐུད་ཁ་ལྡན་དགོས།

    བྱིས་པའི་བདེ་འཇགས་རྐུབ་བཀྱག་ཐོག་གི་སྒྲིག་སྦྱོར་མཐུད་ཁ།

    ཉེན་ཐག་བརྟན་དུ་གཏོང་སྟངས།

    ཁ་ཕྱོགས་གཉིས་ཀར་བསྒྱུར་ཐུབ་པས་རྐུབ་བཀྱག་བརྟན་པོ་ཡོང་བ་དང་བེད་སྤྱོད་རང་བཞིན་ཆེ་མོད། འོན་ཀྱང་སྒྲིག་སྦྱོར་བལྟོས་བཅས་ཀྱིས་རྙོག་དྲ་ཆེ་བ་དང་བཀོལ་སྤྱོད་བྱེད་ནོར་ཐེབས་སླ་བས་བདེ་འཇགས་རིམ་པ་དམའ་པོ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།