དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • སྦྲུམ་མར་བུ་སྣོད་འཁུམས་པའི་འཁྲུལ་སྣང་རང་བཞིན་བྱུང་ན་ཇི་ལྟར་བྱེད་དགོས་སམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  尼玛曲珍   |     སྤེལ་དུས།  2016-06-01

    བུ་སྣོད་འཁུམས་པའི་འཁྲུལ་སྣང་རང་བཞིན་ནི་མངལ་འཁོར་ནས་ཟླ་བཞི་སོང་རྗེས་ཐོན་གྱི་ཡོད། འོན་ཀྱང་བུད་མེད་ཁག་གཅིག་ལ་མངལ་འཁོར་ནས་ཟླ་བདུན་བརྒྱད་ཕྱིན་མཚམས་སུ་གཞི་ནས་ཚོར་སྣང་ཡོང་གི་ཡོད། མངལ་འཁོར་བའི་ཟླ་བཞི་པ་ནས་བཟུང་གཅིན་ལམ་གྱི་ཤ་གནད་ཆོས་ཉིད་མེད་པའི་ངང་ནས་དམ་དུ་འགྲོ་བའི་སྣང་ཚུལ་ཐོན་གྱི་ཡོད་ཅིང་། སྣང་ཚུལ་འདི་རིགས་ལ་འཁྲུལ་སྣང་རང་བཞིན་གྱི་བུ་སྣོད་འཁུམས་པ་ཞེས་ཟེར། བུ་སྣོད་འཁུམས་སྟངས་འདི་དང་དངོས་སུ་སྐྱེ་ཟུག་རྒྱག་སྐབས་ཀྱི་འཁུམས་སྟངས་གཉིས་འདྲ་གི་མེད་ལ་ན་ཟུག་ཀྱང་ཆེ་རུ་འགྲོ་གི་མེད།

    འཁྲུལ་སྣང་རང་བཞིན་གྱི་བུ་སྣོད་འཁུམ་པའི་སྣང་བ་བྱུང་ཚེ་གཤམ་གྱི་བྱ་ཐབས་སྤྱད་ནས་ཐག་གཅོད་བྱེད་དགོས་པ་ཏེ།

    (1)ཉིན་ལྟར་སྔར་རྒྱུན་བཞིན་བྱེད་སྒོར་མུ་མཐུད་བཞུགས་པ་དང་འཆམ་འཆམ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་དགོས།

    (2)གལ་སྲིད་གཟུགས་པོ་བདེ་པོ་མེད་ཚེ། རང་ཉིད་ཀྱི་བློ་སྟོབས་ལ་བརྟེན་ནས་མགོ་ནས་རྐང་མཐིལ་བར་གྱི་ཤ་གནད་རྣམས་ལྷུག་པོར་གློད་དགོས།

    (3)གལ་སྲིད་བུ་སྣོད་མུ་མཐུད་འཁུམས་པའམ་ཤུགས་ཆེར་ཕྱིན་ཚེ་ལམ་སེང་སྨན་ཁང་དུ་སྐྱོད་དགོས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།