དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • བོད་ལྗོངས་ཀྱི་མཉམ་འབྲེལ་དྲ་རྒྱ་སྤྱོད་མཁན་ཁྱབ་གདལ་འགྲོ་ཚད་བརྒྱ་ཆ་60ལས་བརྒལ་བ།

  • ཡོང་ཁུངས།  བོད་ལྗོངས་འཕྲིན་དྲ།   |     རྩོམ་པ་པོ།  次旦多吉   |     སྤེལ་དུས།  2016-06-01

    ཉེ་བའི་ལོའི་ནང་།  རང་ལྗོངས་ཀྱི་འཕྲིན་གཏོང་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བ་དང་མཉམ་འབྲེལ་དྲ་རྒྱ་སྤྱོད་མཁན་ཁྱབ་གདལ་འགྲོ་ཚད་བརྒྱ་ཆ་60ལས་བརྒལ་ནས་སྤྱི་ཚོགས་གོང་འཕེལ་དང་མང་ཚོགས་ཀྱི་འཚོ་བར་སྟབས་བདེ་ཆེན་པོ་བསྐྲུན་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན།  སྤྱི་ལོ་2016ལོའི་ཟླ་3པའི་ཟླ་མཇུག་བར།  རང་ལྗོངས་ཀྱི་འགུལ་འཁྱེར་མཉམ་འབྲེལ་དྲ་རྒྱ་སྤྱོད་མཁན་ཁྲི་ཚོ་163.9ཟིན་ནས་མཉམ་འབྲེལ་དྲ་རྒྱ་ཁྱབ་གདལ་གཏོང་ཚད་བརྒྱ་ཆ་60ཟིན་པ་དང་།  གཏན་འཇགས་ཀྱི་མཉམ་འབྲེལ་དྲ་རྒྱ་སྤྱོད་མཁན་དུས་མཚུངས་པ་ལས་བརྒྱ་ཆ་22འཕར་ཡོད།  འཛམ་གླིང་ཡང་རྩེའི་ཡང་རྩེ་ཞེས་སུ་གྲགས་པའི་མངའ་རིས་ས་ཁུལ་གྱི་ཆ་རྐྱེན་ཧ་ཅང་དཀའ་ཚེགས་ཆེ་ན་ཡང་དེ་གའི་མང་ཚོགས་ལ་མཉམ་འབྲེལ་དྲ་རྒྱའི་ཕན་པ་ཐོབ་ཡོད།  གློག་རྡུལ་ཚོང་དོན་གྲོང་གསེབ་ཏུ་སྤེལ་བའི་ཕྱོགས་བསྡུས་དཔེ་སྟོན་ལས་གཞིའི་ཚོད་ལྟའི་རྫོང་ཞིག་ཡིན་པའི་ངོས་ནས།  མཚོ་ཆེན་རྫོང་གིས་ས་མཐོའི་ཁྱད་ལྡན་ཕྱུགས་ལས་ཐོན་རྫས་སོགས་ལེགས་ཆའི་ཐོན་ཁུངས་གློག་རྡུལ་ཚོང་དོན་གྱི་ཐབས་ལམ་བརྒྱུད་ཕྱིར་ཚོང་བྱས་ནས་ཕྱུག་གྱུར་ལམ་བུ་གཏོད་ཡོད།

    དེང་སྐབས།  མཚོ་ཆེན་རྫོང་གི་གློག་རྡུལ་ཚོང་དོན་ཉམས་ལེན་ཁང་ཞོར་གཏོགས་ཀྱི་ཐའོ་པའོ་དྲ་བའི་སྒེར་གྱི་ཚོང་ཁང་དགུས་བཀྲ་རི་གནམ་མཚོའི་སྤོས་དང་རའི་ཁུ་ལུའི་ཐོན་རྫས་སོགས་ཕྱིར་འཚོང་བྱེད་ཚད་སྒོར་ཁྲི་ཚོ་40 ལྷག་ཙམ་ཟིན་པ་དང་།  རྫོང་དེ་ཡོངས་ཀྱི་གློག་རྡུལ་ཚོང་དོན་གྱི་ཕྱིར་འཚོང་བྱེད་ཚད་སྒོར་ཁྲི་ཚོ་500ཙམ་ཟིན་གྱི་ཡོད།

    རང་སྐྱོང་ལྗོངས་འཕྲིན་གཏོང་དོ་དམ་ཅུས་ཀྱི་ཅུས་ཀྲང་ཆིང་ཆི་ནས།  ད་ལོ་ང་ཚོས་སྲིད་འཛིན་གྲོང་ཚོ་ཁྱོན་ཡོངས་ལ་འགུལ་འཁྱེར་འཕྲིན་གཏོང་ཁྱབ་པ་བྱས་པའི་རྨང་གཞིའི་ཐོག་རིམ་བཞིན་རང་བྱུང་གྲོང་ཚོར་ཁྱབ་འགྱེད་གཏོང་རྒྱུ་དང་།  ཆ་རྐྱེན་འཛོམས་པའི་རང་བྱུང་གྲོང་ཚོ་300ཚང་མར་འགུལ་འཁྱེར་འཕྲིན་གཏོང་ཁྱབ་ཐུབ་པ་བྱས་ཏེ་གློག་འཕྲིན་ཀུན་ཁྱབ་ཀྱི་ཞབས་ཞུའི་ཁ་གསབ་ལམ་སྲོལ་བཏོད་དེ།  གྲོང་གསེབ་ཀྱི་དྲ་ཆེན་གོང་འཕེལ་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།