དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • “དྲུག་གཅིག”བྱིས་པའི་དུས་ཆེན་ལ་བསུ་བ་ཞུ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  尼玛曲珍   |     སྤེལ་དུས།  2016-06-01

    286874_yis_1464671110407.jpg

    ཚེས་30ཉིན་ཨན་ཧུའེ་ཧོ་ཕེ་གྲོང་ཁྱེར་དཔལ་འབྱོར་གསར་སྤེལ་ཁུལ་གྱིས་སྐབས་གཉིས་པའི་སློབ་འབྲིང་སློབ་ཆུང་སྡེ་ཚོགས་ཀྱི་ཅི་དགར་རོལ་བའི་བྱེད་སྒོ་སྤེལ་ཞིང་། ཁོངས་གཏོགས་ཁུལ་གྱི་སློབ་འབྲིང་སློབ་ཆུང་གི་འཕྲུལ་མི་དང་། དྲག་རྩལ། ཀ་བེད་གླིང་བུ་སོགས་ཚོགས་པ་51མཉམ་དུ་འཛོམས་ནས་ལག་ཤེས་ངོམས་རེས་བྱས་ཏེ་རྒྱལ་སྤྱིའི་བྱིས་པའི་དུས་ཆེན“དྲུག་གཅིག”ལ་བསུ་བ་ཞུས་ཤིང་། འདི་ནི་ཧོ་ཕེ་གྲོང་ཁྱེར་ཧྥུའུ་རུང་སློབ་ཆུང་གི་འཕྲུལ་མི་ཚོགས་པའི་སློབ་མ་ཚོས་འཕྲུལ་མི་འགྲེམས་སྟོན་བྱེད་པའི་གནས་ཚུལ་ཡིན་པ།

    286877_yis_1464671113636.jpg

    ཚེས་29ཉིན་ཤིན་ཅང་ཨ་ཁེ་ཐའོ་རྫོང་གི་ཆར་པེ་ཀེའི“སྐད་གཉིས”བུ་བཅོལ་ཁང་དུ་ས་ཁུལ་དེ་གའི་གྲངས་ཉུང་མི་རིགས་ཀྱི་བྱིས་པ་ཚོ་བུ་བཅོལ་ཁང་དགེ་རྒན་གྱི་སྣེ་ཁྲིད་འོག་མི་རིགས་ཀྱི་ཞབས་བྲོ་ནང་སྦྱོང་བྱས་ཏེ་རྒྱལ་སྤྱིའི་བྱིས་པའི་དུས་ཆེན“དྲུག་གཅིག”ལ་བསུ་བ་ཞུས་ཤིང་། འདི་ནི་གྲངས་ཉུང་མི་རིགས་ཀྱི་བྱིས་པ་ཞིག་གིས་སློབ་གྲོགས་མདུན་དུ་ཞབས་བྲོ་རྒྱག་པའི་གནས་ཚུལ་ཡིན་པ།

    286875_yis_1464671111281.jpg

    ཚེས་30ཉིན་ཀྲུང་གོ་ལོ་ཆུང་བྱིས་པའི་ཐེབས་རྩ་ལྷན་ཚོགས་ཀྱིས་ཉིང་ཞ་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་མཉམ་དུ་ཡུང་ཉིང་རྫོང་མིན་ཉིང་གྲོང་རྡལ་དུ“བྱིས་པའི་སྤྲོ་སྐྱིད་ཁང”གི་སྒོ་བྱང་གི་ཡོལ་བ་ཕྱེ་བའི་མཛད་སྒོ་འཚོགས་པ་དང་། ད་ཐེངས་ཀྲུང་གོ་ལོ་ཆུང་བྱིས་པའི་ཐེབས་རྩ་ལྷན་ཚོགས་ཀྱིས་རྣམ་གྲངས་མ་དངུལ་སྒོར་ཁྲི་100བཏང་སྟེ་ཡུང་ཉིང་རྫོང་དུ“བྱིས་པའི་སྤྲོ་སྐྱིད་ཁང”10རོགས་སྐྲུན་བྱས་ཤིང་། འདི་ནི་ཉིང་ཞ་ཡུང་ཉིང་རྫོང་མིན་ཉིང་གྲོང་རྡལ་དུ་སྐྲུན་མ་ཐག་པའི“བྱིས་པའི་སྤྲོ་སྐྱིད་ཁང”ནང་དགེ་རྒན་དང་བྱིས་པ་ཚོ་མཉམ་དུ་རྩེད་མོ་རྩེ་བའི་གནས་ཚུལ་ཡིན་པ།

    286876_yis_1464671112388.jpg

    ཚེས་30ཉིན་ས་གནས་མང་པོ་ཞིག་གིས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་ནས“དྲུག་གཅིག”བྱིས་པའི་དུས་ཆེན་ལ་བསུ་བ་ཞུས་ཤིང་། འདི་ནི་ཀྲེ་ཅང་ཞིང་ཆེན་དབུན་ཀྲོའུ་སྤྱི་བདེ་མཐའ་སྲུང་ཉིང་ལག་རུ་ཁག་གིས་བཅའ་སྡོད་ཁུལ་གྱི་གཞིས་ལུས་བྱིས་པ་30ཙམ་དམག་སྒར་དུ་ལྟ་སྐོར་ལ་འཁྲིད་པ་དང་འབྲེལ་ཁོང་ཚོ་སྐོར་གཡེང་གྲུ་གཟིངས་ཐོག་འཁྲིད་ནས་དཔོན་དམག་གི་འཚོ་བ་མྱོང་རོལ་བྱེད་དུ་བཅུག་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།