དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • སྦྲུམ་མའི་བུ་སྣོད་འཁུམས་དོན་གང་ཡིན་ནམ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  罗布玉珍   |     སྤེལ་དུས།  2016-05-27

    མངལ་འཁོར་བའི་དུས་དཀྱིལ་དང་། དུས་མཇུག ལྷག་པར་དུ་ཕྲུ་གུ་སྐྱེ་ལ་ཉེ་བའི་གཟའ་འཁོར་ཁ་ཤས་ནང་ཕྲུ་གུ་འགུལ་སྐྱོད་བྱེད་པ་དང་བསྟུན་ནས་སྦྲུམ་མར་གྲོད་ཁོག་མཁྲེགས་ཤིང་དམ་དུ་འགྲོ་བའི་ཚོར་སྣང་ཡོང་གི་ཡོད་པས་དེར་བུ་སྣོད་འཁུམས་པ་ཞེས་བརྗོད་ཀྱི་ཡོད།

    བུ་སྣོད་འཁུམས་འགོ་ཚུཌ་སྐབས་ཆོས་ཉིད་གང་ཡང་མེད། ཕྲུ་གུ་སྐྱེ་ལ་ཉེ་བའི་སྐབས་བུ་སྣོད་འཁུམ་རྒྱུར་དུས་རིམ་རང་བཞིན་ལྡན་པ་མ་ཟད། དེ་མིན་སྦྲུམ་མ་ཁག་གཅིག་ལ་གྲོད་ཁོག་དང་སྐེད་པར་ན་ཟུག་གཏོང་བའི་ཚོར་སྣང་ཡོང་གི་ཡོད།

    ཕྲུ་གུ་སྐྱེ་བའི་སྔོན་དཔག་གི་དུས་ཚོད་ལ་སླེབས་སྐབས་མངལ་འཁུམ་རྒྱུ་དེ་ཡང་མགྱོགས་སུ་ཕྱིན་ནས་ན་ཟུག་ཤུཌ་ཆེར་འགྲོ་བ་དང་བར་གསེང་གི་དུས་ཚོད་རིམ་བཞིན་ཐུང་དུཕྱིན་ནས་སྐེད་པར་ཆག་རྒྱག་པ་དང་བཙོག་གཅིན་ཐོན་པ་ལྟ་བུའི་ཚོར་སྣང་ཡོང་གི་ཡོད། འདི་ནི་མངལ་གྲོལ་བའི་སྔོན་རྟགས་སོ།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།