དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • བྲག་གཡབ་རྫོང་གིས་སྐྱ་གྲིབ་ཕོག་པའི་ནད་པར་སྨན་རིན་མི་དགོས་པར་མིག་ཕྱེ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  罗布玉珍   |     སྤེལ་དུས།  2016-05-27

     སྨན་བཅོས་བདེ་ཐང་གི་དབུལ་སྐྱོར་བྱ་སྤྱོད་ནན་ཏན་སྤེལ་ཆེད། བྲག་གཡབ་རྫོང་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་ཀྱིས་ཆབ་མདོ་གྲོང་ཁྱེར་མི་དམངས་སྨན་ཁང་དང་གཞོགས་འདེགས་ཧུར་ཐག་བྱས་ཏེ་སྐྱ་གྲིབ་ཕོག་པའི་ནད་པ་120ལ་སྨན་རིན་མི་དགོས་པའི་གཤག་བཅོས་ཐུབ་རྒྱུའི་བརྩོན་ལེན་བྱས་ཡོད་པ་རེད།

    ད་རེས་ཀྱི་བྱེད་སྒོར་ཕན་འབྲས་ཡག་པོ་ཐོན་ཆེད་གྲོང་ཁྱེར་དང་རྫོང་རིམ་གཉིས་ཀྱི་སྨན་ཁང་གིས་བྲག་གཡབ་རྫོང་ཁོངས་ཀྱི་སྐྱ་གྲིབ་ཀྱི་དོགས་པ་ཡོད་པའི་མང་ཚོགས་488ལ་དབྱེ་འབྱེད་བྱས་པའི་ནང་། རྩད་ཆོད་པའི་གཤག་བཅོས་བྱེད་ཐུབ་པའི་སྐྱ་གྲིབ་ཕོག་པའི་ནད་པ་108ལ་སྨན་རིན་མི་དགོས་པའི་གཤག་བཅོས་བྱས་པར་བརྟེན། སྐྱ་གྲིབ་ཕོག་པའི་ནད་པ་དེ་དག་གིས་སླར་ཡང་མཐོང་ཐུབ་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།