དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • བོད་ཀྱིས་རིག་སྟོབས་སློབ་གསོའི་སྤྲིན་རིམ་ལས་སྟེགས་ཀྱི་བཀོལ་སྤྱོད་གསོ་སྦྱོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  索朗旺堆   |     སྤེལ་དུས།  2016-05-27

    ཚེས་21ཉིན་གྱི་སྔ་དྲོ་ཀྲུང་གོ་སུང་ཆིང་ལིང་ཐེབས་རྩ་ལྷན་ཚོགས་དང་། བོད་ལྗོངས་འཕེལ་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས། ལྗོངས་སློབ་གསོ་ཐིང་བཅས་ཀྱིས་ཐུན་མོང་ཐོག་གཉེར་བའི“སྤྲིན་རིམ་སློབ་གྲྭའི”རིག་སྟོབས་སློབ་གསོའི་སྤྲིན་རིམ་ལས་སྟེགས་ཀྱི་བཀོལ་སྤྱོད་དོ་དམ་གསོ་སྦྱོང་ལྷ་སར་གཉེར་བ་རེད། ལྗོངས་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་བདུན་ནས་ཡོང་བའི་བུ་བཅོལ་ཁང་དང་། སློབ་ཆུང་། སློབ་འབྲིང་བཅས་ཀྱི་དགེ་རྒན་400ཁག་བདུན་ལ་དབྱེ་ནས་ཉིན་བཞིའི་གསོ་སྦྱོང་ནང་ཞུགས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་4ཚེས་12ཉིན་ཀྲུང་གོ་སུང་ཆིང་ལིང་ཐེབས་རྩ་ལྷན་ཚོགས་ཀྱིས་བོད་ལྗོངས་འཕེལ་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་དང་མཉམ་དུ་རང་ལྗོངས་ཀྱི་སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་200ལ“སྤྲིན་རིམ་སློབ་གྲྭའི”རིག་སྟོབས་སློབ་གསོའི་སྤྲིན་རིམ་ལས་སྟེགས་མཁོ་སྤྲོད་ཞལ་འདེབས་བརྒྱབ་པ་རེད། ལས་སྟེགས་དེའི་ནང་རིག་སྟོབས་སློབ་གྲྭའི་ཕྱོགས་བསྡུས་དོ་དམ་མ་ལག་དང་། སློབ་ཁྲིད་ཐོན་ཁུངས་ཀྱི་ཕྱོགས་བསྡུས་དོ་དམ་མ་ལག རིག་སྦྱོང་མ་ལག་བཅས་ཚུད་ཡོད་པ་མ་ཟད། བུ་བཅོལ་ཁང་ནས་སློབ་ཆུང་དང་། དམའ་རིམ་སློབ་འབྲིང་། མཐོ་རིམ་སློབ་འབྲིང་བཅས་བར་མཁོ་བའི་སློབ་གསོའི་ཆ་འཕྲིན་ཅན་གྱི་མ་ལག་ནུས་པ་ཚང་ཡོད་པ་རེད། ད་རེས་གསོ་སྦྱོང་གི་ནང་དོན་ཁྲོད་རིག་སྟོབས་སློབ་གསོའི་སྤྲིན་རིམ་ལས་སྟེགས་སློབ་གྲྭའི་ཐོ་འགོད་སྒྲིག་བཟོ་དང་། རིག་སྟོབས་དྲ་ཚིགས། སྒུལ་བདེའི་དྲ་ཚིགས་ཆུང་གྲས། སློབ་མ་སློབ་ཞུགས་ཞིབ་བཤེར། སློབ་དོན་དོ་དམ། བསྡོམས་རྩིས་དབྱེ་ཞིབ་སོགས་ཚུད་ཡོད་པ་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།