དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ལྷ་སའི“གཅིག་འཐུས་རྣམ་པའི”སྨན་བཅོས་རོགས་སྐྱོབ་ཚད་གཞི་མཐོ་ཤོས་སྒོར་ཁྲི་10བར་མཐོ་རུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  索朗旺堆   |     སྤེལ་དུས།  2016-05-27

    ཉེ་ཆར། གསར་འགོད་པས་ལྷ་ས་གྲོང་ཁྱེར་དམངས་སྲིད་ཅུས་ནས་ཤེས་རྟོགས་བྱས་པ་ལྟར་ན། ལྷ་ས་གྲོང་ཁྱེར་གྱི“གཅིག་འཐུས་རྣམ་པའི”སྨན་བཅོས་རོགས་སྐྱོབ་ཚད་གཞི་མཐོ་ཤོས་སྒོར་ཁྲི་10བར་མཐོ་རུ་བཏང་བ་རེད། མིག་སྔར་གྲོང་ཁྱེར་དེ་ཡོངས་ཀྱི་རྫོང(ཆུས)ཁག་ཏུ་སྨན་ཁང་14ཡིས“གཅིག་འཐུས་རྣམ་པའི”སྨན་བཅོས་ཞབས་ཞུ་བྱེད་ཀྱི་ཡོད་པ་དང་། གྲོང་ཁྱེར་ནང་གི་སྨན་ཁང་7“གཅིག་འཐུས་རྣམ་པའི”ཞབས་ཞུ་སྨན་བཅོས་སྒྲིག་གཞིའི་ནང་ཞུཌ་པ་མ་ཟད། “གཅིག་འཐུས་རྣམ་པའི”སྨན་བཅོས་རོགས་སྐྱོབ་སྒྲིག་གཞི་ཁྱབ་ཁྱོན་སྔར་བས་རྒྱ་ཆེ་རུ་ཕྱིན་ནས་རོགས་སྐྱོབ་བྱ་དགོས་པའི་མང་ཚོགས་ཚང་མས་ཐག་ཉེ་སར་སྨན་བཅོས་བྱེད་ཐུབ་ཀྱི་ཡོད་པ་རེད།

    ཉེ་ཆར། གསར་འགོད་པས་གྲོང་ཁྱེར་དམངས་སྲིད་ཅུས་སྤྱི་ཚོགས་རོགས་སྐྱོར་ཁོའོ་ནས་ཤེས་རྟོགས་བྱས་པ་ལྟར་ན། ད་ལོའི་དུས་ཚིགས་དང་པོར“གཅིག་འཐུས་རྣམ་པའི”སྨན་བཅོས་རོགས་སྐྱོབ་ཐོབ་པའི་ལྷ་ས་གྲོང་ཁྱེར་རིམ་པ་དེ་གའི(རྫོང་དང་ཆུས་ཁག་ཚུད་མེད)གྲོང་མི་65ཡོད་པ་དང་། “གཅིག་འཐུས་རྣམ་པའི”རོགས་སྐྱོབ་དངུལ་སྒོར་ཁྲི་135ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།