མངལ་འཁོར་ནས་གཟའ་འཁོར་37ནས་42བར(ཉིན་259ནས་293)ཕྲུ་གུ་སྐྱེས་ཚེ་ཟླ་བ་མ་ཚང་བར་ཕྲུ་གུ་སྐྱེ་བ་ཟེར་ཞིང་། ཟླ་བ་མ་ཚང་བར་སྐྱེས་པའི་ཕྲུ་གུ་མང་ཆེ་བའི་གཟུགས་པོའི་ལྗིད་ཚད་ཁེ་1000ནས་2500བར་ཡིན།
མངལ་ཆགས་ནས་གཟའ་འཁོར་42(ཉིན་294ཡན)ཡོལ་ནས་ཕྲུ་གུ་སྐྱེས་པ་ཡིན་ན་སྐྱེ་ཟླ་ཡོལ་ནས་སྐྱེ་བ་ཟེར། སྐྱེ་ཟླ་ཡོལ་ནས་ཕྲུ་གུ་སྐྱེ་མཁན་དེ་སྦྲུམ་མའི་སྤྱིའི་གྲངས་འབོར་གྱི་5%ནས་20%བར་ཟིན་གྱི་ཡོད་ཅིང་། སྐྱེ་ཟླ་ཡོལ་ནས་ཕྲུ་གུ་སྐྱེ་སྐབས་ཕྲུ་གུ་སྐྱེ་དཀའ་བ་དང་ཕྲུ་གུར་གསོ་རླུང་མི་འདང་བའི་གནས་ཚུལ་ཐོན་ཏེ་ཕྲུ་གུ་འཆི་བའི་ཉེན་ཁ་ཆེ་རུ་འགྲོ་གི་ཡོད།