དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ཇི་ལྟར་བྱས་ནས་མངལ་འཁོར་ཟླ་བ་མ་ཚང་བར་ཕྲུ་གུ་སྐྱེ་རྒྱུ་སྔོན་འགོག་བྱེད་དགོས་སམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次仁曲珍   |     སྤེལ་དུས།  2016-05-18

    སྦྲུམ་མར་མངལ་ཆགས་ནས་གཟའ་འཁོར་28ནས་37བར་ལ་རང་དབང་མེད་པར་ཕྲུ་གུ་སྐྱེས་པ་ཡིན་ན། ཟླ་བ་མ་ཚང་བར་ཕྲུ་གུ་སྐྱེ་བ་ཟེར་ཞིང་། ཟླ་བ་མ་ཚང་བར་ཕྲུ་གུ་སྐྱེ་བའི་སྔོན་རྟགས་གཙོ་བོ་ཞིག་ནི་སྦྲུམ་མར་བརྒྱུད་རིམ་ལྡན་པའི་སྒོ་ནས་གྲོད་པར་ན་ཟུག་གཏོང་བ་དང་མངལ་ལམ་གྱི་ཟགས་ཁུ་མང་དུ་སོང་བའམ་ཁྲག་ཐོན་པ་བཅས་བྱེད་ཀྱི་ཡོད་པས་སྐབས་འདིར་ཕྱིར་འགྱངས་བྱེད་རྒྱུ་མེད་པར། གང་མགྱོགས་སྨན་ཁང་ལ་འགྲོ་དགོས།

    ཟླ་བ་མ་ཚང་བར་ཕྲུ་གུ་སྐྱེ་རྒྱུ་སྔོན་འགོག་བྱེད་དགོས་ཚེ། སྔོན་ལ་ཟླ་བ་མ་ཚང་བར་ཕྲུ་གུ་སྐྱེ་བའི་རྒྱུ་རྐྱེན་འཚོལ་ཞིབ་བྱེད་དགོས་པ་དང་། དེ་རྗེས་ནད་གཞིར་གཞིགས་ནས་སྨན་བཅོས་བྱེད་དགོས། ནད་རིགས་ཁག་གཅིག་གིས་ཟླ་བ་མ་ཚང་གོང་ནས་ཕྲུ་གུ་སྐྱེ་གི་ཡོད་པར་བརྟེན་སྦྲུམ་མས་ཕྲུ་གུ་མ་སྐྱེས་གོང་འོས་འཚམ་གྱི་སྨན་བཅོས་དང་ལེན་བྱས་ནས་ནད་གཞིར་ཚོད་འཛིན་བྱེད་དགོས། གཅིན་སྙི་ཟགས་ཁུའི་ནད་གཞི་ཡོད་ན་སྨན་པའི་མངགས་བྱ་ལྟར་སྨན་བཟའ་དགོས་པ་དང་བཟའ་བཏུང་ལ་ཚོད་འཛིན་ནན་པོ་བྱེད་དགོས། མངལ་འཁོར་རིང་ངལ་དུབ་ཆེ་དྲགས་རྒྱུ་མེད་པ་དང་ལས་ཀའི་གནོན་ཤུགས་ཆུང་དུ་བཏང་ཐོག་ངལ་གསོ་འོས་འཚམ་རྒྱག་ཐུབ་པའི་འགན་ལེན་བྱེད་དགོས་པ་དང་། འཚོ་བཅུད་སྙོམས་པོ་དང་འཚོ་བའི་གོམས་གཤིས་་བཟང་པོ་འཇགས་པ་བྱས་ཐོག་སེམས་བག་ཡངས་པོ་ཡོང་བ་བྱེད་དགོས་ཤིང་། ཁྱོ་གས་བཟའ་ཟླར་བྱམས་སྐྱོང་དང་ཕྲུ་གུ་སྐྱེ་ཉེའི་སྐབས་འཁྲིག་སྤྱོད་སྤང་ནས་དུས་ཚོད་གཏན་འཁེལ་ཐོག་སྨན་ཁང་ལ་བརྟག་དཔྱད་བྱེད་པར་བསྐྱོད་དེ་ཕྲུ་གུའི་སྐྱེ་འཕེལ་གྱི་གནས་ཚུལ་ཤེས་རྟོགས་ཐུབ་པ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།