
ཟླ་5ཚེས་15ཉིན་ནི་རྒྱལ་ཡོངས་ཀྱི་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་ཉིན་མོ་26པ་དེ་ཡིན་ཞིང་། བོད་ལྗོངས་ལྷ་ས་དམིགས་བསལ་སློབ་གསོའི་སློབ་གྲྭའི་སློབ་མ་ཚོས་རིམ་གྱིས་སློབ་ཁུལ་གསར་པར་སྤོས་པ་དང་། ངོ་སྤྲོད་བྱས་པར་གཞིགས་ན། ལྷ་ས་གྲོང་ཁྱེར་དམིགས་བསལ་སློབ་གསོའི་སློབ་གྲྭ་དེ་2000ལོར་བོད་ཀྱི་དམིགས་བསལ་བྱིས་པར་དངོས་སུ་དམིགས་ནས་བཙུགས་པའི་སློབ་གསོའི་སྒྲིག་གཞི་དང་པོ་དེ་ཡིན། མིག་སྔར་སློབ་གྲྭ་དེར་དགེ་རྒན་དང་ལས་བཟོ་66དང་དབང་པོ་སྐྱོན་ཅན་གྱི་སློབ་མ་180ལྷག་ཙམ་ཡོད་ཅིང་། འདི་ནི་བོད་ལྗོངས་ལྷ་ས་དམིགས་བསལ་སློབ་གསོའི་སློབ་གྲྭའི་སློབ་མ་ཚོས་ཁྱིམ་བདག་དང་མཉམ་དུ་སློབ་ཁུལ་གསར་པར་སྤོ་བའི་གནས་ཚུལ་ཡིན་པ།