དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • གཟའ་འཁོར་འདིའི་གནམ་གཤིས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次仁曲珍   |     སྤེལ་དུས།  2016-05-17

    གཅིག    གཟའ་འཁོར་འདིའི་གནམ་གཤིས་སྔོན་བརྡ། (ཟླ་5ཚེས་16ཉིན་ནས་ཟླ་5ཚེས་22ཉིན་བར)

    གཟའ་ཟླ་བ་ནས་ལྷག་པ་བར་ཉིང་ཁྲི་དང་ལྷོ་ཁའི་ལྷོ་རྒྱུད་དུ་ཆར་པ་ཆུང་བ་ནས་འབྲིང་བ་བར་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ་ཆེ་བ་འབབ་རྒྱུ། ནག་ཆུའི་ཤར་རྒྱུད་དང་། ཆབ་མདོ། གཞིས་རྩེའི་ལྷོ་རྒྱུད། ཡར་ཀླུང་གཙང་པོའི་དབུས་རྒྱུད་བཅས་ལ་ཆར་པ་ཆུང་བ་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ་འབྲིང་བ་འབབ་རྒྱུ། ས་ཁུལ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་རྒྱུ། གཟའ་ཕུར་བུ་ནས་སྤེན་པའི་བར་ཉིང་ཁྲི་དང་། ནག་ཆུའི་དབུས་ཤར་རྒྱུད། ཆབ་མདོ་བཅས་སུ་ཆར་པ་ཆུང་བ་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ་འབྲིང་བ་འབབ་རྒྱུ། ས་ཁུལ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ་ཆུང་བ་འབབ་རྒྱུ། གཟའ་ཉི་མར་ཉིང་ཁྲི་དང་། ནག་ཆུའི་ཤར་རྒྱུད། ཆབ་མདོ་བཅས་སུ་གནམ་འཐིབ་ནས་ཆར་པ་ཆུང་བ་འབབ་རྒྱུ། ས་ཁུལ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་རྒྱུ།

    གཉིས།  གྲོས་འགོ

    1.གཟའ་འཁོར་འདིའི་ནང་ཤར་རྒྱུད་དུ་ཆར་ཆུ་འབབ་མང་བས་རྒྱུན་མཐུད་ངང་ཆར་པ་བབས་ནས་ཐོན་པའི་ཤྭ་འོད་དང་། རི་ཉིལ་བ། འདམ་རྡོའི་ཆུ་རུད་སོགས་ཀྱི་གནོད་འཚེ་ཐོན་རྒྱུར་དོ་སྣང་བྱེད་དགོས།

    2.ཞིང་ཁུལ་གཙོ་བོར་ཆུ་མཁོ་ཆེ་བའི་དུས་སུ་སླེབས་པས་གནམ་གཤིས་འགྱུར་ལྡོག་ལ་དོ་སྣང་བྱས་ཏེ་ཞིང་ནང་གཡོག་བྱེད་ལས་དོན་ཁག་ཡག་པོ་སྒྲུབ་དགོས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།