དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • སྦྲུམ་མས་ཕྲུ་གུ་མ་སྐྱེས་གོང་བསམ་བློའི་གྲ་སྒྲིག་གང་བྱེད་དགོས་སམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  尼玛曲珍   |     སྤེལ་དུས།  2016-05-13

    མི་མང་པོ་ཞིག་གིས་ཕྲུ་གུ་སྐྱེ་བའི་བརྒྱུད་རིམ་ལ་ཆ་རྒྱུས་མེད་རྐྱེན་ཕྲུ་གུ་ཇི་ལྟར་སྐྱེ་མིན་བསམ་ཚོད་མི་ཐུབ་པར་བརྟེན་སྦྲུམ་མ་མང་པོ་ཞིག་ལ་ཕྲུ་གུ་སྐྱེ་རྒྱུར་འཇིགས་སྣང་ཡོང་གི་ཡོད།

    ཕྲུ་གུ་སྐྱེ་བ་ནི་སྐྱེ་ལམ་ཁ་འབྱེད་ནས་ཕྲུ་གུ་སྐྱེ་བའི་བརྒྱུད་རིམ་ཞིག་ཡིན་པས། ན་ཟུག་ནི་གཡོལ་ཐབས་མེད་ལ། ཕྲུ་གུ་སྐྱེ་སྐབས་ཀྱི་ཟུག་གཟེར་ནི་རང་བཞིན་གྱི་ཆོས་ཉིད་ཅིག་ཡིན་ཞིང་། དེ་ནི་ནད་གཞི་དང་རྨས་སྐྱོན་ཤོར་ནས་ན་ཟུག་གཏོང་བ་དང་ངོ་བོའི་ཐད་ནས་ཁྱད་པར་ཡོད་པ་ཞིག་ཡིན། གལ་སྲིད་མངལ་འཁོར་བའི་བུད་མེད་ལ་ཚོར་སྣང་ཡག་པོ་མ་བྱུང་ཚེ། ལྟེ་བའི་དབང་རྩར་ཚོར་བ་ཤུགས་ཆེ་བས་ན་ཟུག་དེ་བས་ཆེ་རུ་འགྲོ་གི་ཡོད། དེར་བརྟེན་ཕྲུ་གུ་སྐྱེ་བའི་འཇིགས་སྣང་མེད་པ་བཟོས་ནས་སེམས་པ་བག་ཕེབས་ཡོང་རྒྱུ་རྒྱུན་འཁྱོངས་བྱས་ཚེ་ཕྲུ་གུ་སྐྱེ་སྐབས་ན་ཟུག་གི་ཚོར་སྣང་དེ་ཙམ་ཆེན་པོ་ཡོང་གི་མེད།

    སྤྱིར་ན་སེམས་ལ་དངངས་སྐྲག་སླེབས་སྐབས་ཤ་གནད་རྣམས་དམ་དུ་འགྲོ་བས་སྐྱེ་ལམ་ཁ་འབྱེད་དཀའ་བ་དང་ཕྲུ་གུ་སྐྱེ་དཀའ་བར་བརྟེན་ན་ཟུག་ཤུགས་ཆེར་འགྲོ་གི་ཡོད། གལ་སྲིད་སེམས་ཁམས་བདེ་བའི་སྐབས་ཤ་གནད་ལྷུག་ཏུ་སོང་ནས་ཕྲུ་གུ་གུ་དོག་པའི་སྐྱེ་ལམ་བརྒྱུད་དེ་བདེ་བླག་ངང་ཐོན་ཡོང་གི་ཡོད།

    དེར་བརྟེན་མངལ་སྦྲུམ་བུད་མེད་ཀྱི་ཕྲུ་གུ་མ་སྐྱེས་གོང་གི་བསམ་བློའི་འཁྱེར་སོ་དང་ཕྲུ་གུ་སྐྱེ་སྐབས་ཀྱི་ན་ཟུག་དབར་ལ་འབྲེལ་བ་ཆེན་པོ་ཡོད། སྦྲུམ་མ་ཚང་མས་ཕྲུ་གུ་སྐྱེ་བའི་བརྒྱུད་རིམ་ལ་ཞིབ་ཅིང་ཕྲ་བའི་ཤེས་རྟོགས་བྱས་ནས་ཕྲུ་གུ་མ་སྐྱེས་གོང་གི་མི་བདེ་བ་བཟོད་བསྲན་བྱས་ཚེ། ཕྲུ་གུ་སྐྱེས་རྗེས་གཟུགས་གཞི་གང་མགྱོགས་སླར་གསོ་ཡོང་རྒྱུར་ཕན་ཐོགས་ཡོད། མདོར་བསྡུས་ནས་བཤད་ན་བསམ་བློའི་གྲ་སྒྲིག་ཡོད་པའི་སྦྲུམ་མ་དེ་བསམ་བློའི་གྲ་སྒྲིག་མེད་པའི་སྦྲུམ་མ་ལས་ཕྲུ་གུ་ཧ་ཅང་གིས་སྐྱེ་བདེ་བ་ཡོད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།