དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • མངལ་འཁོར་བའི་དུས་མཇུག་ཏུ་སྦྲུམ་མས་དབུགས་རྔུབ་གཏོང་གི་ལུས་སྦྱོང་བྱེད་དགོས་པའི་རྒྱུ་མཚན་ཅི་ཡིན་ནམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  尼玛曲珍   |     སྤེལ་དུས།  2016-05-11

    མངལ་འཁོར་ནས་ཟླ་བདུན་འགྲོ་སྐབས་ཕྲུ་གུའི་ལྗིད་ཚད་ཁེ་1000དང་རིང་ཚད་ལ་ལི་སྨི་35ལས་བརྒལ་གྱི་ཡོད། དེའི་སྐབས་སྦྲུམ་མས་དབུགས་རྔུབ་གཏོང་གི་བྱེད་ཐབས་དེ་སྤྱད་ན་ལེགས་ཤིང་། དེས་མཁའ་རླུང་སོས་པ་གང་མང་མངལ་གནས་ཕྲུ་གུར་བསྐྱལ་ནས་ཕྲུ་གུའི་སྐྱེ་འཕེལ་ལ་འགན་ལེན་ཐུབ་པ་དང་ཟགས་ཐོན་ལ་སྐུལ་འདེད་ཐེབས་ཏེ་སེམས་པ་ལྷོད་དུ་གཏོང་ཐུབ། མ་གཞི་ཟགས་ཁུ་མང་པོ་མེད་ནའང་དེ་ཕྲུ་གུར་རྒྱུད་སྤྲོད་ཐུབ་ཚེ་ཕྲུ་གུར་དེ་བས་སྐྱིད་སྣང་ཡོང་གི་ཡོད།

    གལ་སྲིད་སྦྲུམ་མར་ངལ་དུབ་བྱུང་ཚེ་རྒྱབ་བསྙེས་ཡོད་པའི་རྐུབ་སྟེགས་ཐོག་བསྡད་དེ་རྐེད་པ་འདྲོངས་ནས་དབུགས་རིང་བཏང་ཚེ་སེམས་པ་སྐྱིད་དུ་འགྲོ་ཐུབ། ཡང་དག་པའི་སྡོད་སྟངས་ནི་འདི་ལྟར་ཏེ། སྒལ་པ་རྒྱབ་བསྙེས་ལ་ཅུང་ཟད་བསྙེས་ཐོག་པུས་མོ་འདྲོངས་པོར་བརྐྱངས་ནས་གཟུགས་པོ་ཡོངས་རྫོགས་ལྷོད་པོར་བཞག་ནས་ལག་པ་གཉིས་ག་ལེར་གྲོད་ཁོག་ཐོག་འཇོག་དགོས། སྡོད་སྟངས་འདི་ལྟར་བྱས་ནས་དབུགས་རྔུབ་གཏོང་བྱེད་དགོས། སྣ་ཁུང་ནས་དབུགས་འཐེན་ཏེ་གྲོད་པར་མ་སླེབས་བར་གཏོང་བ་དང་། དབུགས་རྔུབ་སྐབས་ཁ་ཅུང་ཟད་བཙུམ་ནས་ག་ལེར་ཤུགས་ཡོད་པའི་ཐོག་ལུས་པོའི་ནང་གི་རླུང་རྣམས་ཕྱིར་གཏོང་དགོས།

    དབུགས་རྔུབ་གཏོང་གི་ཕན་འབྲས་ཡག་ཤོས་ལ་སླེབས་དགོས་ན་གཟབ་ནན་བྱེད་དགོས་པ་འདི་ལྟར་ཏེ། དབུགས་གཏོང་རྒྱུ་དེ་རྣམ་ཀུན་གྱི་དབུགས་རྔུབ་གཏོང་བྱེད་པ་ལས་ཤུགས་ཆེ་བའི་ཐོག་ག་ལེར་གཏོང་དགོས་ཤིང་། ཉིན་ལྟར་འདི་ལྟར་ཐེངས་གསུམ་ཡན་བྱ་དགོས། དེ་ཡང་ཞོགས་པ་མ་ལངས་གོང་དང་ཉིན་དགུང་ངལ་གསོ་རྒྱག་པའི་སྐབས་དང་དགོང་མོ་མ་ཉལ་གོང་བཅས་ལ་དབུགས་རྔུབ་གཏོང་བྱེད་དགོས། དབུགས་རྔུབ་པའི་སྐབས་གཟུགས་པོ་ལྷོད་ལ་ཕབ་པ་དང་སེམས་བག་ཕེབས་པོ་ཡོང་བ་བྱེད་དགོས། གལ་སྲིད་འདི་ལྟར་རྒྱུན་འཁྱོངས་བྱས་ཚེ་སྦྲུམ་མས་རང་བཞིན་ཐོག་ནས་དབུགས་རྔུབ་གཏོང་བྱེད་ཐབས་ཤེས་ཀྱི་རེད། དབུགས་རྔུབ་གཏོང་བྱེད་ཐབས་འདི་མངལ་འཁོར་བའི་སྐབས་སྦྲུམ་མ་དང་ཕྲུ་གུར་ཕན་ཐོགས་ཡོད་པ་མ་ཟད། ཕྲུ་གུ་སྐྱེ་བའི་སྐབས་སུ་ཕན་ཐོགས་ཆེན་པོ་ཡོད་པ་ནི་དེས་ཕྲུ་གུ་སྐྱེ་སྐབས་ཀྱི་ཟུག་གཟེར་ཆུང་དུ་གཏོང་ཐུབ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།