དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ལོ་13རིང་ནུབ་ཁུལ་ཞབས་ཞུའི་དང་བླངས་སློབ་ཆེན་སློབ་མ་4522བོད་དུ་དང་བླངས་ཞབས་ཞུ་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  索朗旺堆   |     སྤེལ་དུས།  2016-05-09

    W020150730326329373044.jpg

    གསར་འགོད་པས་བོད་རང་སྐྱོང་ལྗོངས་གུང་གཞོན་སྡེ་ཚོགས་ཨུ་ཡོན་ལྷན་ཁང་ནས་ཤེས་རྟོགས་བྱུང་བར།  རྒྱལ་ཁབ་ཀྱིས་ནུབ་ཁུལ་ཞབས་ཞུའི་དང་བླངས་སློབ་ཆེན་སློབ་མའི་སྲིད་ཇུས་ལག་བསྟར་བྱས་ནས་ད་བར་གྱི་ལོ་13རིང་། ཁྱོན་དང་བླངས་པ་4522བོད་ལྗོངས་སུ་དང་བླངས་ཞབས་ཞུའི་ལས་དོན་ནང་བཞུགས་ཏེ་བོད་ཀྱི་འཕེལ་རྒྱས་སྒྱུར་བཅོས་བྱ་གཞག་ནང་ཡོན་ཏན་མི་སྣའི་དགོས་མཁོ་སྐོང་ཡོད།

    2003ལོར་རྒྱལ་ཁབ་ཀྱིས་སློབ་ཆེན་སློབ་མའི་ནུབ་ཁུལ་དང་བླངས་ཞབས་ཞུ་སྤེལ་ཞིང་།  ཡོངས་གྲགས་ངང་དང་བླངས་པ་བསྡུ་བ་དང་རང་མོས་ངང་མིང་ཐོ་འགོད་པ།  རྩ་འཛུགས་ཀྱིས་འདེམས་པ།  གཅིག་བསྡུས་ངང་མངག་པ་སོགས་ཀྱི་རྣམ་པའི་ཐོག་ནས་ལོ་ལྟར་གྱི་འདི་ལོར་ཐོན་པའི་སློབ་ཆེན་སློབ་མ་དང་སློབ་སྦྱོང་བྱེད་བཞིན་པའི་ཞིབ་འཇུག་སློབ་མ་སོགས་རྒྱལ་ཁབ་ཀྱི་ནུབ་ཁུལ་གྱི་གཞི་རིམ་དུ་ལོ་གཅིག་ནས་ལོ་གསུམ་བར་གྱི་སློབ་གསོ་དང་།  འཕྲོད་བསྟེན།  ཞིང་ལས་ཚན་རྩལ།  དབུལ་སྐྱོར་སོགས་ཀྱི་དང་བླངས་ཞབས་ཞུ་སྤེལ་བཞིན་ཡོད།

    ནུབ་ཁུལ་དང་བླངས་ཞབས་ཞུ་ནི་ན་གཞོན་སློབ་མ་ཞིག་ལ་སྦྱོང་བརྡར་དང་ནར་སོན་ཡོང་བའི་གར་སྟེགས་གལ་ཆེན་ཞིག་ཡིན།   2003ལོའི་ནུབ་ཁུལ་དང་བླངས་ཞབས་ཞུ་བ་ལིའུ་ཡིན་ཅུན་གྱིས་ཞབས་ཞུའི་ལོ་ཚད་ཐིམ་རྗེས་བོད་དུ་ལས་ཀ་བྱས་ནས་སྡོད་རྒྱུའི་སེམས་ཐག་གཅད་ཅིང་།  ཁོང་གིས་གསུངས་དོན། གཞི་རིམ་ནི་རང་ཉིད་ལ་སློབ་སྦྱོང་དང་ཤེས་བྱ་གང་མང་ཤེས་ཐུབ་སའི་གར་སྟེགས་ཤིག་ཡིན་ཞིང་།  བོད་དུ་དང་བླངས་ཞབས་ཞུ་བྱེད་རིང་རང་ཉིད་ལ་ཕྱོགས་གང་ཅིའི་ཐད་ནས་སྦྱོང་བརྡར་ཐེབས་པ་མ་ཟད། མེ་ཚེའི་རིན་ཐང་ཡང་མངོན་འགྱུར་ཡོང་བས་དོན་སྙིང་གལ་ཆེན་ལྡན་ཡོད།

    ནུབ་ཁུལ་དང་བླངས་ཞབས་ཞུའི་ལས་དོན་གྱི་འགན་འཁུར་མི་སྣས་བཤད་དོན།  ནུབ་ཁུལ་དང་བླངས་ཞབས་ཞུས་བོད་ཀྱི་འཇོན་ཐང་མི་སྣ་མི་ལྡང་བའི་གནད་དོན་ཐག་གཅོད་ཐུབ་ཡོད་ལ་ནུབ་ཁུལ་དང་བླངས་ཞབས་ཞུ་བ་མི་ཉུང་བ་ཞིག་རང་སོ་སོའི་ཞབས་ཞུའི་ལས་ཁུངས་ཀྱི་རྐང་འཛིན་མི་སྣར་འགྱུར་བ་ཡང་ཡོད།  ལས་དོན་དེས་ན་གཞོན་འཇོན་ཐང་ཅན་ལ་སྦྱོང་བརྡར་ཐེབས་པའི་ཐོག་བོད་ཀྱི་ཡོན་ཏན་ཅན་གྱི་སྒྲིག་གཞིར་ལེགས་བཅོས་ཐུབ་ཡོད་པས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་དང་བོད་ལྗོངས་འཕེལ་རྒྱས་ཐད་ཚེ་སྲོག་གསར་པའི་སྟོབས་ཤུགས་ཀྱང་སྦྱིན་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། དང་བླངས་པ་ཚོ་ལས་དོན་དང་འཚོ་པའི་ནང་གང་ལེགས་བཞུགས་ཐུབ་ཆེད། བོད་ལྗོངས་སུ་གཟིགས་སྐྱོང་སྲིད་ཇུས་མང་དག་ཅིག་གཏན་འཁེལ་བཟོས་ནས་ཁོང་ཚོར་མཐོ་སྒང་གི་འཕྲོད་བསྟེན་བདེ་སྲུང་། བོད་ལྗོངས་ལོ་རྒྱུས། བོད་ཀྱི་རྒྱུན་ཤེས་སོགས་ཀྱི་གཟབ་སྦྱོང་འཁྲིད་དེ་སློབ་ཆེན་སློབ་མའི་ནུབ་ཁུལ་དང་བླངས་ཞབས་ཞུའི་ལས་དོན་དེ་མཚོན་རྟགས་རང་བཞིན་གྱི་ལས་གཞི་ཞིག་ཏུ་འགྱུར་རྒྱུར་འབད་བརྩོན་བྱེད་བཞིན་འདུག

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།