གཅིག སོལ་རླངས་ཕུག་རིལ་སྤྱོད་སྐབས་དོ་སྣང་བྱེད་དགོས་པ་གང་ཡོད།
1.ཕུག་རིལ་གྱི་བརྟག་བཤེར་དུས་བཅད་ལ་དོ་སྣང་བྱེད་དགོས་པ་མ་ཟད། བརྟག་བཤེར་ཚད་ལོན་དཔང་ཡིག་ཡོད་མེད་ལ་དོ་སྣང་བྱེད་དགོས།
2.ཕུག་རིལ་ཀེ་རེར་སློང་དགོས་པ་དང་དེར་དཀྲུག་དཀྲུག་ཆེན་པོ་གཏོང་མི་ཉན།
3.རླུང་འགྲོ་ཡག་པོ་ཡོད་ས་དང་ཉི་མས་མ་ཚིག་པའི་ས་ཆར་འཇོག་དགོས།
4.ཕུག་རིལ་འགོ་མཇུག་བསློགས་ནས་བེད་སྤྱོད་གཏོང་མི་ཉན།
5. མེ་མ་འཁྱུད་པ་དང་མེ་སྐྱོན་མ་ཐོན་པའི་ཆེད་ཕུག་རིལ་ཐོག་དངོས་རྫས་འཇོག་མི་ཉན།
གཉིས། སོལ་རླངས་ཀྱི་མེ་དམར་པོ་འབར་དོན་གང་ཡིན་ནམ། དེར་ཉེན་ཁ་གང་ཡོད། ཇི་ལྟར་བྱས་ནས་ཉེན་ཁ་སེལ་དགོས་སམ།
རྒྱུན་གཏན་ཡིན་ན་སོལ་རླངས་ཀྱི་མེ་དེ་སྔོ་དཀར་ཡིན། གལ་ཏེ་མེ་དམར་པོ་འབར་ཚེ་དེ་ནི་སོལ་རླངས་ཡོངས་སུ་མ་ཚིག་པའི་རྟགས་མཚན་ཡིན་པས་དབྱང་གཅིག་ཐཱན་འགྱུར་གྱི་དུག་ཕོག་ཉེན་ཆེ་བར་བརྟེན། འཕྲལ་དུ་ཆེད་ལས་མི་སྣ་གདན་དྲངས་ནས་སོལ་རླངས་ཐབ་བཟོ་བཅོས་བྱེད་དགོས།
གསུམ། ཕུག་རིལ་ལ་མེ་འབར་ཚེ་ཇི་ལྟར་བྱེད་དགོས་སམ།
ཕུག་རིལ་ལ་མེ་འབར་ཚེ། མལ་ཆས་དང་གྱོན་པ་རློན་པས་བཀབ་སྟེ་མེ་གསོད་དགོས་པ་མ་ཟད། ལམ་སེང་གཅུས་སྒོ་རྒྱག་དགོས།