ཉེ་ཆར། ལྷུན་རྩེ་རྫོང་ཕྱོགས་བསྡུས་བཅོས་སྐྱོང་གཞུང་ལས་ཁང་གིས་སྡེ་ཚན་ཁག་དང་མཉམ་དུ“ཕྱོགས་བསྡུས་བཅོས་སྐྱོང་གི་དྲིལ་བསྒྲགས་ཟླ་བའི”བྱེད་སྒོ་སྤེལ་ཏེ་དྲིལ་བསྒྲགས་ཀྱི་དཔྱད་གཞིའི་ཡིག་རིགས་སྤྲོད་པ་དང་། འཕྲེད་འགེལ་སྦྱར་ཚིག་འགེལ་བ། པར་རིས་དང་འགྲེམས་པང་འགྲེམས་སྟོན་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དང་སྲིད་ཇུས་དྲིལ་བསྒྲགས་ཤུགས་ཆེན་བྱས་ནས་མང་ཚོགས་ལ་བོད་རྒྱ་ཡིག་རིགས་གཉིས་ཀྱི་དྲིལ་བསྒྲགས་ཤོག་ལྷེ་4000ལྷག་ཙམ་དང་དྲིལ་བསྒྲགས་ལག་དེབ་2300ལྷག་ཙམ་སྤྲད་ཅིང་། འདི་ནི་ལས་དོན་མི་སྣས་མང་ཚོགས་ལ་དྲིལ་བསྒྲགས་ལག་དེབ་སྤྲོད་པའི་གནས་ཚུལ་ཡིན་པ།