དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • སྐབས་གསུམ་པའི་བོད་ལྗོངས་སློབ་ཆེན་གྱི་སློབ་མའི་ཉི་འོད་ལུས་རྩལ་དབྱར་སྒར་གྱི་བྱེད་སྒོ་སྤེལ་འགོ་ཚུགས་པ།

  • ཡོང་ཁུངས།  ​ མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  尕藏智华   |     སྤེལ་དུས།  2016-04-27

    275417_yis_1461647743033.jpg

    ཟླ་4ཚེས་22ཉིན་བོད་རང་སྐྱོང་ལྗོངས་གཞོན་ནུ་ལོ་ཆུང་བྱེད་སྒོའི་ལྟེ་གནས་སུ་གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་སྡེ་ཚོགས་ཨུ་ལྷན་དང་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱིས་གཙོ་གཉེར་བྱས་པ་དང་བོད་ལྗོངས་གཞོན་ནུ་ལོ་ཆུང་ལག་ལེན་སློབ་གསོའི་རྟེན་གཞིས་གཉེར་འགན་འཁུར་བའི“སྐབས་གསུམ་པའི་བོད་ལྗོངས་སློབ་ཆེན་སློབ་མའི་ཉི་འོད་ལུས་རྩལ་དབྱར་སྒར”གྱི་བྱེད་སྒོའི་འགོ་ཚུགས་མཛད་སྒོ་སྤེལ་བ་རེད། དབྱར་སྒར་དེ་དུས་ཡུན་ཉིན་བཞི་ཡིན་པའི་ནང་། རྐང་རྩེད་སྤོ་ལོ་དང་། ལན་ཆིའུ་སྤོ་ལོ། ཕིང་ཕང་སྤོ་ལོ། བྱ་སྒྲོའི་སྤོ་ལོ། ཆུ་རྐྱལ། བྲག་འཛེགས་སོགས་ལུས་རྩལ་འགྲན་རྩོད་བྱ་རྒྱུ་མ་ཟད། མཐུན་འབྲེལ་སྤེལ་རེས་བྱེད་སྒོའང་སྤེལ་རྒྱུ་ཡིན་ཞིང་།

    འདི་ནི་རུ་མི་ཚོས་བོད་རང་སྐྱོང་ལྗོངས་གཞོན་ནུ་ལོ་ཆུང་བྱེད་སྒོའི་ལྟེ་གནས་ཀྱི་མདུན་དུ་མཉམ་དུ་པར་རྒྱག་བཞིན་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།