
རྩོམ་པ་པོ། ཉི་མ་དོན་གྲུབ།
འོས་སྦྱོར་རྒྱུ་མཚན། དེབ་འདི་ནི་བྱིས་སྒྲུང་རིང་གྲས་ཤིག་སྟེ། དེའི་ནང་མི་སྣ་གཙོ་བོའི་གྲས་སུ་སློབ་མ་ཡོན་ཏན﹙དེ་གཅིག་པུས་མི་ཚད﹚དང་། ཁྱིམ་བདག་དོན་གྲུབ། དགེ་རྒན་དབང་མོ་ལགས་སོགས་མི་སྣ་བཅུ་གྲངས་ཤིག་མཚོན་བྱེད་མི་སྣར་གསར་བཞེངས་ བྱས་ཤིང་། ལེའུ་ཉི་ཤུར་ཕྱེ་བའི་བྱིས་སྒྲུང་འདིར་མི་སྣ་གསོན་ཉམས་ལྡན་ལ། ཚིག་སྦྱོར་གོ་བདེ་བ། བྱུང་རིམ་ཀྱག་ཀྱོག་བློ་ཡིད་འགུགས་པ་སོགས་ཀྱི་ཁྱད་ཆོས་མང་པོ་འདུག
ནང་དོན། དེབ་འདིར་རྩོམ་པ་པོས་རྒྱུན་གཏན་འཚོ་བའི་ནང་ཉམས་ཞིབ་ཟབ་མོ་བྱས་ནས་སློབ་གྲྭ་ ཁག་གི་སློབ་གསོ་གཉེར་སྟངས་དང་། རྒན་ལགས་ཀྱི་སློབ་ཚན་འཁྲིད་སྟངས་དང་ཀུན་སྤྱོད་སློབ་སྟངས། དེ་བཞིན་ཁྱིམ་བདག་གིས་ཕྲུ་གུར་སློབ་གསོ་གཏོང་སྟངས་བཅས་རྩོམ་གཞིར་བཀོད་དེ་ དོན་དངོས་ཀྱི་གནས་ཚུལ་ལ་རྟོག་དཔྱོད་ཀྱི་བྱེད་པའི་ཐོག་ནས་བྲིས་ཡོད་པས་ན། སློབ་གྲྭ་དང་དགེ་རྒན། ཁྱིམ་བདག་བཅས་ཚང་མར་བློ་འབྱེད་ཀྱི་ནུས་པ་ལྡན་ལ། བསམ་གཞིག་བྱ་དགོས་པའི་གནད་དོན་ཡང་བརྩམས་ཆོས་འདིའི་ནང་ཁ་གསལ་བཏོན་ཡོད།