
ལྷ་ས་གྲོང་ཁྱེར་ཁྲེན་ཀོན་ཆུས་བུ་བཅོལ་ཁང་ལྔ་པའི་བྱིས་པ་ཚོས་སྡེ་ཁུལ་དེབ་ཁང་དུ་ལྟ་ཀློག་བྱེད་བཞིན་པ།
ཟླ་4པའི་23ཉིན་གྱི་འཛམ་གླིང་དཔེ་ཀློག་ཉིན་མོ་ཉེར་གཅིག་པ་འཆར་ལ་ཉེ་བའི་སྐབས་སུ། རང་སྐྱོང་ལྗོངས་གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་བརྙན་འཕྲིན་གློག་བརྙན་ཅུད་དང་ལྷ་ས་གྲོང་ཁྱེར་གསར་འགྱུར་དཔེ་སྐྲུན་ཅུད་ཀྱིས་མཉམ་འབྲེག་ཐོག་ལྷ་སའི་གྲོང་མིར་དཔེ་དེབ་ལྟ་ཀློག་བྱེད་པའི་རིན་མེད་ཀྱི་ལག་རྟགས་ཆེན་པོ་ཞིག་ཕུལ་བ་རེད། ཤེས་རྟོགས་བྱས་པར་གཞིགས་ན། གསར་དུ་བཙུགས་པའི་སྡེ་ཁུལ་དེབ་ཁང་40དང་ཁ་ཧྥེ་དྲ་ཁང་གི་དཔེ་ཀློག་ཟུར་ཁང་65ཟླ་4ཚེས་20ཉིན་སྒོ་མོ་དབྱེ་བ་དེས། ལྷ་སའི་གྲོང་ཁུལ་དུ་རིན་མེད་དེབ་ཁང་གིས་ཡོངས་ཁྱབ་ཐུབ་པས། གྲོང་མིར་དཔེ་དེབ་ལྟ་ཀློག་གི་ཆ་རྐྱེན་སྟབས་བདེ་སྐྲུན་ཡོད་པ་མ་ཟད་ལྟ་ཀློག་བྱེད་པའི་གདམ་ག་ཡང་མང་དུ་ཕྱིན་ཡོད།