དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • བོད་ལྗོངས་ཀྱིས་སྤྱི་ལོ་2016ལོའི་ཚན་རྩལ་གཤམ་སྐྱོད་ཀྱི་གཅིག་བསྡུས་ཞབས་ཞུའི་བྱེད་སྒོ་ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་དུ་སྤེལ་བ།

  • ཡོང་ཁུངས།  བོད་ལྗོངས་འཕྲིན་དྲ།   |     རྩོམ་པ་པོ།  次旦多吉   |     སྤེལ་དུས།  2016-04-22

    སྤྱི་ཚེས་18ཉིན་རང་སྐྱོང་ལྗོངས་ཚན་རྩལ་ཐིང་དང་ཆབ་མདོ་གྲོང་ཁྱེར་ཚན་རྩལ་ཅུས་ཀྱིས་གཙོ་གཉེར་བྱས་པའི་རང་སྐྱོང་ལྗོངས་ཀྱི་སྤྱི་ལོ་2016ལོའི་ཚན་རྩལ་གཤམ་སྐྱོད་ཀྱི་གཅིག་བསྡུས་ཞབས་ཞུའི་བྱེད་སྒོ་ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་དུ་སྤེལ་འགོ་ཚུགས་པ་དང་།  འགོ་ཚུགས་མཛད་སྒོའི་ཐོག་ཆབ་མདོ་གྲོང་ཁྱེར་གླུ་གར་ཚོགས་པ་དང་བྲབ་གཡབ་རྫོང་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་འཁྲབ་སྟོན་པ་ཚོས་ལྟད་མོ་ཆེ་བའི་རིག་རྩལ་འཁྲབ་སྟོན་བྱས་པ་རེད།

    བྱེད་སྒོའི་ནང་ད་དུང་མང་ཚོགས་ལ་ཚན་རྩལ་ཤེས་བྱ་དང་འདེབས་འཛུགས་གསོ་སྤེལ་ལག་རྩལ།  སྨན་བཅོས་འཕྲོད་བསྟེན་སོགས་ཐད་ཀྱི་དཔེ་དེབ་དང་འབྲེལ་ཡོད་དྲིལ་བསྒྲགས་དཔྱད་གཞི་སྤྲད་པ་རེད།  པེ་ཅིང་གི་སྨན་བཅོས་བོད་སྐྱོར་རིགས་གཅིག་མཁས་ཅན་དང་།  རང་སྐྱོང་ལྗོངས་སྨན་རྩིས་ཁང་དང་ཆབ་མདོ་གྲོང་ཁྱེར་སྨན་རྩིས་ཁང་གི་སྨན་པས་མང་ཚོགས་ལ་རིན་པ་མི་དགོས་པའི་གཟུགས་པོ་བརྟག་དཔྱད་བྱས་པ་དང་བློ་འདྲིའི་ཞབས་ཞུ་མཁོ་འདོན་བྱས་པ་རེད།

    ཤེས་རྟོགས་བྱས་པར་གཞིགས་ན།  ཐེངས་འདིའི་བྱེད་སྒོའི་ནང་ཚན་རྩལ་ཁྱབ་གདལ་གྱི་དཔྱད་གཞི་དང་དཔེ་དེབ་བདུན་སྟོང་ལྷག་ཙམ་དང་རིན་ཐང་སྒོར་ཆིག་ཁྲི་རི་བའི་སྨན་རྫས་སྤྲད་པ་རེད།  རང་སྐྱོང་ལྗོངས་ཚན་རྩལ་ཐིང་གིས་ད་དུང་བྲག་གཡབ་རྫོང་དབྱེན་འདུམ་གྲོང་རྡལ་ཤོག་འདུམ་གྲོང་ཚོ་དང་དཀྱིག་ཐང་གྲོང་རྡལ་ཡུག་ཤོད་གྲོང་ཚོ།  རང་གྲུབ་ཤང་རང་གྲུབ་གྲོང་ཚོ་བཅས་སུ་ཚན་རྩལ་ཁྱབ་གདལ་བྱེད་སྒོ་ཁང་བཙུགས་པ་མ་ཟད།  བརྙན་འཕྲིན་དང་གློག་ཀླད།  སྒྲ་སྐྱེད་སོགས་སྒྲིག་བཀོད་སྒྲིག་སྦྱོར་དང་རིགས་ཁག་གི་ཚན་རྩལ་ཁྱབ་གདལ་དཔེ་དེབ་སྤྲད་པ་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།