དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • མངལ་མ་འཁོར་གོང་བསམ་བློའི་གྲ་སྒྲིག་གང་འདྲ་བྱེད་དགོས་སམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次仁曲珍   |     སྤེལ་དུས།  2016-04-20

    དེང་སྐབས་ཀྱི་སྦྲུམ་མའི་སློབ་གསོའི་གཞུང་ལུགས་ཀྱི་ངོས་འཛིན་ལྟར་བདེ་ཐང་ངང་མངལ་འཁོར་རྒྱུའི་བསམ་པ་ནི་སྦྲུམ་མའི་སློབ་གསོའི་ནང་གི་མེད་དུ་མི་རུང་བའི་གྲུབ་ཆ་ཞིག་དང་། དེས་ཕྲུ་གུའི་གཟུགས་ཁམས་དང་བསམ་པའི་བདེ་ཐང་གི་སྐྱེ་འཕེལ་ལ་དགེ་མཚན་ལྡན་པའི་ནུས་པ་ཐོན་གྱི་ཡོད།

    མངལ་འཁོར་བའི་བསམ་བློའི་གྲ་སྒྲིག་མེད་པར་ཧ་རི་ཧུ་རིར་ཕྲུ་གུ་འཁོར་བ་དང་ཚང་མ་སྣང་མེད་གཏོང་བའི་བསམ་པ་དང་གནས་སྐབས་ཕྲུ་གུ་དགོས་འདོད་མེད་ཀྱང་བསམ་ཡུལ་ལས་འདས་པའི་མངལ་འཁོར་ནས་སོམ་ཉིའི་དྲ་བར་ཚུད་པའི་བསམ་པ་དང་། ཕྲུ་གུ་བུ་ལས་བུ་མོ་དགོས་འདོད་མེད་པའི་བསམ་པ། དེ་བཞིན་ཕྲུ་གུར་བརྟེན་ནས་གཉེན་སྒྲིག་འཁྱོལ་ཐབས་དང་བསམ་པའི་སྟོང་ཆ་གསབ་འདོད་ཀྱི་བསམ་ཚུལ་སོགས་ཕྲུ་གུ་འཁོར་འདོད་ཀྱི་བསམ་བློ་ནི་བསམ་བློ་སྐྱོན་ཅན་ཞིག་ཡིན་པས་དེས་ཕྲུ་གུར་ཕན་ཐོགས་གང་ཡང་མེད། ཕྱོགས་གཉིས་ཀར་ཕྲུ་གུ་དགོས་འདོད་དང་ཐུན་མོང་ཐོག་ཕྲུ་གུ་སྐྱེད་སྲིང་བྱས་ཏེ་རང་ཉིད་ཀྱི་རེ་བ་བཅོལ་འདོད་པའི་སྐབས་སྤྲོ་སེམས་ལྡན་པའི་ངང་ནས་རེ་སྒུག་དང་གྲ་སྒྲིག་གང་ལེགས་བྱས་ཐོག་ཁྱོ་ཤུག་ཕན་ཚུན་དབར་བརྩེ་བས་བཅིངས་ཚེ་གཞི་ནས་བརྩེ་དུང་གི་ས་བོན་ལེགས་པོ་འདེབས་ཐུབ་ལ་ཕྲུ་གུ་འཁོར་མ་ཐག་པའི་སྦྲུམ་མའི་སློབ་གསོ་ལེགས་སྒྲུབ་ཡོང་ཐུབ་ཅིང་། འདིས་ཕྲུ་གུ་བདེ་ཐང་ངང་འཚར་ལོངས་ཡོང་རྒྱུར་དགེ་མཚན་ལྡན་པའི་ནུས་པ་ཐོན་པས་མ་འོངས་པའི་ཕ་མ་བྱེད་མཁན་ཚོས་དོ་སྣང་གང་ལེགས་བྱེད་དགོས་པའི་གནད་འགག་ཞིག་གོ

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།