དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • གཟའ་འཁོར་འདིའི་གནམ་གཤིས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次仁曲珍   |     སྤེལ་དུས།  2016-04-19

    གཅིག གཟའ་འཁོར་འདིའི་གནམ་གཤིས་སྔོན་བརྡ། (ཟླ་4ཚེས་18ཉིན་ནས་ཟླ་4ཚེས་24ཉིན་བར)

    གཟའ་ཟླ་བ་ནས་གཟའ་མིག་དམར་བར། ཉིང་ཁྲི་དང་། ཆབ་མདོ། ནག་ཆུའི་ཤར་རྒྱུད་བཅས་སུ་ཆར་པ་ཆུང་བ(གངས)འབབ་རྒྱུ་དང་ས་ཆ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་རྒྱུ། གཟའ་ལྷག་པ་ནས་གཟའ་པ་སངས་བར། ཉིང་ཁྲི་དང་། ཆབ་མདོ། ནག་ཆུ་བཅས་སུ་ཆར་པ་ཆུང་བ(གངས)འབབ་རྒྱུ་དང་། ས་ཆ་ཁ་ཤས་ལ་ཆར་པ་འབྲིང་བ(གངས)འབབ་རྒྱུ་དང་། ལྷོ་ཁ་དང་། ལྷ་ས། གཞིས་རྩེ་བཅས་སུ་སྤྲིན་པ་མང་པོ་འཁོར་ནས་ཐོལ་ཆར(གངས)འབབ་རྒྱུ། ས་ཆ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་རྒྱུ། གཟའ་སྤེན་པ་ནས་གཟའ་ཉི་མ་བར། ཉིང་ཁྲི་དང་། ཆབ་མདོ། ལྷོ་ཁའི་ལྷོ་རྒྱུད། ནག་ཆུའི་ཤར་རྒྱུད་བཅས་སུ་ཆར་པ་ཆུང་བ་ནས་འབྲིང་བ(གངས)བར་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ་ཆེན་པོ་འབབ་རྒྱུ་དང་། ཡར་ཀླུང་གཙང་པོའི་ལུང་གཞུང་དུ་གནམ་འཐིབས་ནས་ཆར་པ་ཆུང་བ(གངས)འབབ་རྒྱུ། ས་ཆ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་རྒྱུ། གཟའ་འཁོར་འདིར་བོད་བྱང་ཐང་རྒྱུད་དང་། གཞིས་རྩེའི་ལྷོ་རྒྱུད། ལྷོ་ཁའི་ལྷོ་རྒྱུད་བཅས་སུ་ལྷགས་པ་རིམ་པ་7ནས་8བར་རྒྱག་རྒྱུ། ཡར་ཀླུང་གཙང་པོའི་ལུང་གཞུང་དུ་ཐོལ་ལྷགས་རིམ་པ་4རྒྱག་རྒྱུ་རེད།

    གཉིས། གྲོས་འགོ།

    1.མིག་སྔར་ཤར་ལྷོའི་རྒྱུད་ཀྱི་ས་བབ་དམའ་ཁུལ་དུ་ཆར་དུས་རིམ་བཞིན་སླེབས་པས་རྒྱུན་མཐུད་ཀྱི་ཆར་པ་དང་དུས་ཐུང་ཆར་པ་ཤུགས་ཆེན་གྱིས་རྐྱེན་པས་ཆུ་ལོག་དང་། རི་ཉིལ་བ། འདམ་རྡོའི་ཆུ་རུད་སོགས་ཀྱི་གནོད་འཚེར་སྔོན་འགོག་བྱ་རྒྱུར་དོ་སྣང་གནང་དགོས།

    2.ཞིང་ཁུལ་གཙོ་བོར་ཆར་པ་འབབ་ཉུང་བས་ས་རྒྱུའི་བཞའ་ཚན་མི་འདང་སྟབས་ཞིང་ཆུ་འཚམ་པོ་བཏང་ནས་དཔྱིད་འདེབས་ལས་དོན་བདེ་བླག་ངང་སྤེལ་ཐུབ་པ་གནང་དགོས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།