དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • བོད་རང་སྐྱོང་ལྗོངས་ཚན་རྩལ་མཐུན་ཚོགས་ཀྱིས་རིག་གཞུང་ལོ་ཚོགས་སྐབས་ལྔ་པ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次仁曲珍   |     སྤེལ་དུས།  2016-04-18

    ཚེས་15ཉིན། རང་སྐྱོང་ལྗོངས་ཚན་རྩལ་མཐུན་ཚོགས་ཀྱི་རིག་གཞུང་ལོ་ཚོགས་སྐབས་ལྔ་པ་ལྷ་སར་འཚོགས་ཤིང་། སྐབས་དེའི་ལོ་ཚོགས་ཀྱིས“གསར་གཏོད་ཡར་སྐུལ་དང་འབྱོར་འབྲིང་གཞོགས་འདེགས”ཞེས་བརྗོད་དོན་གཙོ་བོར་བྱས་ཏེ་རྒྱ་ཆེའི་ཚན་རྩལ་ལས་དོན་པས་ཚན་རྩལ་གསར་གཏོད་དང་དཔལ་འབྱོར་འཛུགས་སྐྲུན་གྱི་འཐབ་ས་གཙོ་བོར་ཞབས་འདེགས་ཞུ་བའི་ཁྲོད་ཚན་རྩལ་གདོང་སྐྱོད་པའི་ནུས་པ་དེ་བས་ལེགས་པོའི་སྒོ་ནས་འདོན་སྤེལ་བྱས་ནས་བོད་འདི་ཉིད་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་ཕྱིར་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་འབུལ་དགོས་པའི་སྐུལ་སློང་བྱས་ཡོད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ། ལྗོངས་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་རྡོ་ཐོགས་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། ལྗོངས་སྲིད་གཞུང་ཏང་ཙུའི་ཧྲུའུ་ཅི་གཞོན་པ། སྲིད་གཞུང་གི་བློ་འདོན་པ་མོང་ཏེ་ལི་དང་ཀྲུང་གོ་བཟོ་བཀོད་སློབ་གླིང་གི་ཡོན་ཧྲི་རྡོ་རྗེ་ཚོགས་འདུར་ཞུགས་ཡོད་པ། ལྗོངས་ནང་ཁུལ་གྱི་འབྲེལ་ཡོད་རིགས་གཅིག་མཁས་ཅན་དང་མཁས་དབང་གིས་རིག་གཞུང་སྙན་ཞུ་སྒྲོག་སྦྱངས་བྱས་པ་རེད།

    རྡོ་ཐོགས་ཀྱིས་འདི་ལོ་ནི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ལག་བསྟར་བྱེད་འགོ་ཚུགས་པའི་ལོ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་འགོ་འཛུགས་ལོ་ཡིན་པས། རིམ་ཁག་ཚན་རིག་རྩ་འཛུགས་ཀྱིས་སྐབས་འདིའི་ལོ་ཚོགས་གོ་སྐབས་སུ་བརྩིས་ཏེ“འཕེལ་རྒྱས་ཀྱི་འདུ་ཤེས་ཆེན་པོ་ལྔ”བརྟན་པོ་འཛུགས་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཚན་རྩལ་དགོས་མཁོ་ཆེན་པོར་དམིགས་པ། ཚན་རིག་ལག་རྩལ་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པ། ཚན་ཞིབ་གྲུབ་འབྲས་གཞན་སྒྱུར་ལ་སྣང་ཆེན་བྱེད་པ། དཔལ་འབྱོར་འཕེལ་རྒྱས་ཀྱི་ནུས་པ་གསར་པ་སྐྱེད་སྲིང་བཅས་བྱས་ནས་རང་ལྗོངས་ཀྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་ཕྱིར་ཚན་རྩལ་གྱི་འདེགས་སྐྱོར་བྱེད་དགོས་པ་སྟེ། གཅིག་ནས་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་མཐའ་འཁྱོངས་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་ལག་ལེན་པ་བྱ་རྒྱུའི་བརྩོན་ལེན་བྱེད་དགོས་པ་དང་། གཉིས་ནས་ལྟེ་བར་ཞབས་འདེགས་ཞུས་ཏེ་སྒྱུར་འཕེལ་བརྟན་གསུམ་གྱི་སྐུལ་སྤེལ་བ་བྱ་རྒྱུའི་བརྩོན་ལེན་བྱེད་དགོས་པ། གསུམ་ནས་ཚན་རྩལ་གྱི་རི་བོའི་ཡང་རྩེར་འཛེགས་ནས་གསར་གཏོད་ཡར་སྐུལ་གྱི་སྣེ་ཁྲིད་པ་བྱ་རྒྱུའི་བརྩོན་ལེན་བྱེད་དགོས་པ། བཞི་ནས་ཚན་རིག་ཤེས་བྱ་ཁྱབ་གདལ་བཏང་ནས་ཚན་རིག་ལག་རྩལ་གྱི་རྒྱུད་སྤེལ་བ་བྱ་རྒྱུའི་བརྩོན་ལེན་བྱེད་དགོས་པ། ལྔ་ནས་ཚན་ཞིབ་རིག་གཞུང་ལས་སྟེགས་བསྐྲུན་ནས“ཚན་རྩལ་ལས་དོན་པའི་ཁྱིམ”གཏོད་རྒྱུའི་བརྩོན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།