ཕྲུ་གུ་སྐྱེས་རྗེས་སྦྲུམ་མའི་གཟུགས་པོ་རིམ་བཞིན་གསོ་དགོས་ཤིང་། མངལ་སྦྲུམ་མའི་སྐབས་སུ་སྦྲུམ་མའི་གཟུགས་པོར་འགྱུར་ལྡོག་ཇི་སྙེད་ཅིག་བྱུང་བ་རྣམས་ཕྲུ་གུ་སྐྱེས་རྗེས་ཀྱི་གཟའ་འཁོར་6ནས་8ནང་ཚུན་དུ་རིམ་བཞིན་འགྱུར་བ་བྱུང་ནས་མཐར་ཡོངས་སུ་སླར་གསོ་ཐུབ་ཀྱི་ཡོད།
1.སྐྱེ་འཕེལ་དབང་པོ། ཕྲུ་གུ་སྐྱེས་རྗེས་བུ་སྣོད་ལམ་སེང་འཁུམས་ནས་སྲ་མཁྲེཌ་ཅན་གྱི་ཟླུམ་གཟུགས་ཤིག་ཏུ་འགྱུར་འགྲོ་བ་དང་། ལྗིད་ཚད་ལ་ཁེ་1000ཙམ་ཡོད་པ་དེ་སྐྱེས་ནས་གཟའ་འཁོར་6ཕྱིན་རྗེས་གཞི་ནས་མངལ་མ་སྦྲུམ་སྔོན་གྱི་ཆེ་ཆུང་ཁེ་50ཙམ་དུ་སླར་གསོ་ཐུབ་ཀྱི་ཡོད།
བུ་སྣོད་ནང་སྐྱི། ཕྲུ་གུ་སྐྱེས་རྗེས་ཤ་མ་དང་སྐྱི་པགས་བུ་སྣོད་ཀྱི་ནང་ལྡེབས་ནས་བྲལ་ཡོང་བས་བུ་སྣོད་ཀྱི་ནང་སྐྱིའི་ལོགས་ལ་རྨ་བཟོས་པ་ལྟ་བུར་གྱུར་ཅིང་། དེ་རྗེས་བུ་སྣོད་ནང་སྐྱིར་གསར་དུ་སྐྱེས་པའི་སྐྱི་པགས་བྱུང་བར་ཧ་ལམ་གཟའ་འཁོར་དྲུག་གི་དུས་ཚོད་དགོས་ཀྱི་ཡོད།
མཚང་ཞབས་གྲུབ་ཆ། མཚང་ཞབས་ཤ་གྲིམ་དང་པགས་སྐྱི་བཅས་ཕྲུ་གུ་སྐྱེ་སྐབས་ཚད་ལས་འདས་པའི་ཞེང་ཆེར་ཕྱིན་པས་ལྡེམ་ཤུགས་ཆུང་དུ་འགྲོ་བ་མ་ཟད། རྒྱུན་དུ་ཤ་གྲིམ་ཁ་ཤས་ལ་གས་ཆག་ཡོང་གི་ཡོད། གལ་སྲིད་ཕྲུ་གུ་སྐྱེས་རྗེས་ཁམས་བདེའི་ལུས་རྩལ་རྒྱུན་འཁྱོངས་བྱུང་ན་མཚང་ཞབས་ཤ་གྲིམ་ཕྲུ་གུ་མ་སྐྱེས་པའི་སྔོན་ལྟར་སླར་གསོ་ཐུབ། ཡང་གལ་སྲིད་མངལ་ཞབས་ཤ་གྲིམ་ལ་གས་ཆག་ཚབས་ཆེན་བྱུང་བ་དང་། སྦྲུམ་མ་སླར་གསོའི་དུས་སྐབས་སུ་ལུས་པོའི་ངལ་རྩོལ་ཤུགས་ཆེན་བྱས་ཚེ་མངལ་ལམ་གྱི་ནང་ལྡེབས་སྐྲངས་སྦོས་ཐེབས་ཤིང་ཐ་ན་བུ་སྣོད་ལུག་པའི་ཉེན་ཁ་ཡང་ཡོད།
2.ཁྲག་དང་ཁྲག་རྒྱུན་འཁོར་རྒྱུག་མ་ལག མངལ་སྦྲུམ་པའི་སྐབས་ཁྲག་གི་འབོར་ཚད་30%གཡས་གཡོན་འཕར་འགྲོ་ཞིང་ཕྲུ་གུ་སྐྱེས་རྗེས་གཟའ་འཁོར་2ནས་3བར་ལ་སྔར་བཞིན་སླར་གསོ་ཡོང་ཐུབ།
3.འཇུ་བྱེད་མ་ལག ཕྲུ་གུ་སྐྱེས་རྗེས་ཉིན་ཁ་ཤས་ཟས་ཀྱི་དང་ག་ཉམས་པས་ཟ་ཚད་ཉུང་དུ་འགྲོ་ཞིང་། ཉལ་ཁྲིའི་ཐོག་ཉལ་རྒྱུ་མང་དྲགས་པ་དང་། རྒྱུ་མའི་འགུལ་ཤུགས་ཆུང་དུ་ཕྱིན་པ། གསུས་ཤ་ལྷུག་ལྷུག་ཏུ་འགྱུར་བ་བཅས་ཀྱི་དབང་གིས་ཕྲུ་གུ་སྐྱེས་རྗེས་བཙོག་པ་སྐམ་པོར་འགྱུར་སླ་བ་ཡིན། དེ་ཡང་ཕྲུ་གུ་སྐྱེས་རྗེས་ཀྱི་གཟའ་འཁོར་1ནས་2བར་ལ་རྒྱན་གཏན་བཞིན་སླར་གསོ་ཐུབ་ཀྱི་ཡོད།
4.གཅིན་འདྲེན་མ་ལག མངལ་སྦྲུམ་སྐབས་གཟུཌ་པོའི་ནང་ཡོད་པའི་ཆུ་ལྷག་མ་རྣམས་མཁལ་མ་བརྒྱུད་ཕྱིར་འདྲེན་བྱེད་ཀྱི་ཡོད་པས། དེའི་ཕྱིར་ཕྲུ་གུ་སྐྱེས་རྗེས་ཀྱི་ཐོག་མའི་ཉིན་ཤས་རིང་གཅིན་པ་མང་དུ་འགྲོ་ཞིང་། དེ་གཟའ་འཁོར་4འདས་རྗེས་སླར་གསོ་ཡོང་ཐུབ།
5.གསང་རྒྱུད་ཟགས་གཤེར་མ་ལག ཕྲུ་གུ་སྐྱེས་རྗེས་མོ་རྩི་དང་བུ་རྩི་གཉིས་ཤུགས་དྲག་པོས་དམའ་རུ་འགྲོ་ཞིང་། ཕྲུ་གུ་སྐྱེས་རྗེས་ཀྱི་གཟའ་འཁོར་གཅིག་ནང་ཚུན་ལ་མངལ་མ་སྦྲུམ་སྔོན་ལྟར་ཆགས་སྲིད། ཡང་འོ་མ་བསྣུན་མི་དགོས་པའི་བུད་མེད་རྣམས་རྒྱུན་དུ་གཟའ་འཁོར་6ནས་8བར་ལ་ཁམས་དམར་སྔར་བཞིན་འདྲེན་ནས་ཟླ་མཚན་བབ་འགོ་ཚུགས་ཀྱི་ཡོད། དེ་བཞིན་འོ་མ་སྟེར་མཁན་གྱི་བུད་མེད་ལ་ཟླ་མཚན་མ་བབ་ཀྱང་ཆོག་པ་ཡིན་ལ། ཧ་ལམ་ཕྲུ་གུ་སྐྱེས་རྗེས་ཀྱི་ཟླ་4ནས་6བར་ལ་ཁམས་དམར་སྔར་བཞིན་འདྲེན་པས་སྦྲུམ་འགོག་གི་ཐབས་ལ་འབད་དགོས།