
ཉེ་དུས་རང་སྐྱོང་ལྗོངས་ཤིན་ཧྭ་དཔེ་ཚོང་ཁང་སྟོད་ལུང་བདེ་ཆེན་ཆུས་ཀྱི་མུ་སྦྲེལ་ཚོང་ཁང་གི་སྒོ་བྱང་དངོས་སུ་བཀལ་ནས་བཙུགས་པས་ས་གནས་དེ་གའི་མང་ཚོགས་དང་དགེ་སློབ་ཚོར་དཔེ་དེབ་ཉོ་སྒྲུབ་དང་ལྟ་ཀློག་བྱ་རྒྱུར་སྟབས་བདེ་བྱུང་ནས“དཔེ་དེབ་མང་ཙམ་ཀློག་པ་དང་། དཔེ་དེབ་ལེགས་རིགས་ཀློག་པ། དཔེ་དེབ་ཀློག་རྒྱུར་དགའ་ཞེན”བཅས་ཀྱི་ཤེས་དཔལ་དར་སྲོལ་བཟང་པོ་ཞིག་ཆགས་རྒྱུ་རེད། འདི་ནི་སྟོད་ལུང་བདེ་ཆེན་ཆུས་སློབ་ཆུང་གི་སློབ་མས་གཉེར་སྐྱོང་བྱས་མ་ཐག་པའི་ཤིན་ཧྭ་དཔེ་ཚོང་ཁང་ནང་དཔེ་དེབ་ལྟ་བའི་གནས་ཚུལ་ཡིན་པ།